ཉི་ཧོང་གི་དམག་གྲུ་འགྲེམས་སྟོན།
2015.10.18

ཝི་ཀི་མི་ཌི་ཡ།
༄༅༎ཨ་མི་རི་ཀས་ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དམག་དོན་ལས་གཞི་ཆེ་རུ་བཏང་བཞིན་པའི་སྐབས་དེར་དེ་རིང་ཉི་ཧོང་གིས་ གོ་མཚོན་ཐོག་པའི་དམག་གྲུ་དེ་འདྲ་ཉི་ཧོང་གི་མཚོ་ཁའི་ཕྱི་ལ་བསྐྱོད་ནས་ཡུལ་དེའི་མཚོ་དམག་གི་ནུས་སྟོབས་འགྲེམས་སྟོན་བྱས་ཡོད་འདུག ཉི་ཧོང་གི་སྲིད་བློན་Shinzo Abeམཆོག་གིས་དབུ་ཁྲིད་པའི་སྲིད་གཞུང་ལ་མངའ་ཁུལ་གྱི་སྲུང་སྐྱོབ་ཆེད་ཉི་ཧོང་གི་དམག་མི་རྣམས་མཐུན་ཕྱོགས་ཡུལ་གྲུ་ཁག་གི་དམག་མི་མཉམ་ཡུལ་གྱི་ཕྱི་ལ་བསྐྱོད་ཆོག་པའི་ཁྲིམས་གཞིར་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་རག་པའི་རྗེས་ རྒྱལ་ས་ཀྲོག་ཡོའི་ཉེ་ཁྲིས་སུ་ཡོད་པའི་མཚོ་ཁའི་ནང་མཚོ་དམག་གི་གོ་མཚོན་རྣམས་འགྲེམས་སྟོན་ཐོག་མ་དེ་བྱས་ཡོད་པ་རེད༎གསར་འགོད་པ་ཚེ་དབང་དངོས་གྲུབ།