ལུས་རྩལ་བ་འཇམ་དབྱངས་རིན་ཆེན་གྱིས་དངུལ་གྱི་རྟགས་མ་བླངས་འདུག


2018.04.30
ལུས་རྩལ་བ་འཇམ་དབྱངས་རིན་ཆེན་གྱིས་དངུལ་གྱི་རྟགས་མ་བླངས་སྐབས། ༢༠༡༨།༤།༢༤ ལུས་རྩལ་བ་འཇམ་དབྱངས་རིན་ཆེན་གྱིས་དངུལ་གྱི་རྟགས་མ་བླངས་སྐབས། ༢༠༡༨།༤།༢༤
དྲ་བཤུས། རྒྱ་ནག་གི་གསར་ལམ།

ལུས་རྩལ་བ་འཇམ་དབྱངས་རིན་ཆེན་གྱིས་ཉེ་ཆར་རྒྱ་ནག་ནང་རྒྱལ་སྤྱིའི་རྒྱང་རྒྱུགས་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་བླངས་འདུག
དེ་ཡང་རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་༤ཚེས་༢༢ཉིན། སྤྱི་ལོ་༢༠༡༨ལོའི་རྒྱལ་སྤྱིའི་རི་མཐོའི་རྒྱང་རྒྱུག་འགྲན་བསྡུར་ཞེས་པ་དེ་རྒྱ་ནག་ཧྥུ་ཅན་ཞིང་ཆེན་དབྱང་ཁྲུན་རྫོང་ཁྲེན་ཞང་ཤང་དུ་བྱས་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་ཁྲོད་མདོ་སྨད་མཚོ་སྔོན་ཕྱོགས་ཀྱི་བོད་རིགས་འགྲན་ཞུགས་པ་འཇམ་དབྱངས་རིན་ཆེན་གྱིས་ཨང་གཉིས་པ་དངུལ་གྱི་རྟགས་མ་བླངས་ཡོད་པ་རེད། ཁོང་གིས་གསར་འགོད་པར་བརྗོད་དོན། ད་ཐེངས་ཨང་དང་པོ་མ་ཐོབ་མོད། ད་ལོའི་འགྲན་བསྡུར་འབྲས་བུ་འདི་ན་ནིང་ལོ་ལས་སྐར་མ་གཅིག་ལྷག་གིས་མགྱོགས་པས། ང་རང་ཡིད་ཚིམས་ཡོད་ཅེས་བཤད་འདུག
ཐེངས་འདིའི་འགྲན་བསྡུར་ཁྲོད་ཨ་རི་དང་དབྱིན་ཡུལ། འཇར་མན། བྷིར་ཟིལ། ལྷོ་ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་དང་མངའ་ཁུལ་༡༡ཙམ་ནས་ཡོང་བའི་ལུས་རྩལ་པ་༢༠༠༠ལྷག་མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎