ཤར་ཏི་མོར་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོཌ་ནང་ཞུཌ་རྒྱུར་རྒྱབ་སྐྱོར།

ཨིན་ཌོ་ནེ་ཤི་ཡས་ཤར་ཏི་མོར་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ནང་འཛུལ་ཞུགས་བྱེད་རྒྱུར་རྒྱབ་སྐྱོར་གནང་ཡོད་འདུག

2011.01.16

༄༅༎ཨེ་ཨེཕ་པི་སོགས་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་དོན་ལྟར་ན་ ཨིན་ཌོ་ནེ་ཤི་ཡའི་ཕྱི་སྲིད་བློན་ཆེན་མརྚི་ན་ཏ་ལེ་ག་ལྦ་མཆོག་གིས་ཤར་ཏི་མོར་གྱི་གཞུང་འབྲེལ་གྱི་མིང་ཏི་མོར་ལེསེ་ཀྲེ་ཆེད་དུ་བརྗོད་གནང་གིས་རྒྱལ་ཁབ་གསར་པ་དེ་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་  ཨེ་སི་ཡན་(ASEAN)ནང་འཛུལ་ཞུགས་བྱ་རྒྱུའི་རེ་འདུན་དེར་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསར་འགོད་པ་གསུངས་ཡོད་འདུག། འོན་ཀྱང་ཁོང་གིས་ ད་ལྟའི་སྐབས་སུ་ཏི་མོར་ལེསེ་ཏི་ཨ་སི་ཡན་ནང་དངོས་སུ་འཛུལ་ཞུགས་བྱ་་ཕྱོགས་ཐད་གཞུང་འབྲེལ་གྲོས་བསྡུར་གནང་མེད་ཀྱང་ཏི་མོར་ལེ་སེ་ཀྲི་ཕྱོགས་ནས་འཛུལ་ཞུགས་བྱེད་རྒྱུའི་རེ་འདུན་བཅང་གི་ཡོད་ལུགས་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་ཆེན་ཐོག་གསལ་བཤད་གནང་ཡོད་འདུག ཁོང་གི་གང་གསུངས་པ་དེས་ ཨིན་ཌོ་ནེ་ཤི་ཡ་དང་ཏི་མུར་ལེསེ་ཀྲི་བར་བར་ལམ་ནས་འབྲེལ་ལམ་ཟབ་ཏུ་ཕྱིན་པ་ར་འཕྲོད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎