རྒྱ་གར་གྱི་ཚོགས་པ་ཁག་གིས་བོད་དོན་དྲིལ་བསྒྲཌ་ཀྱི་ལས་འགུལ།

རྒྱ་གར་གྱི་ཚོགས་པ་ཁག་ཅིག་ནས་གོམ་བགྲོད་ཀྱི་ལམ་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འགོ་བཙུགས་ཡོད་འདུག

2008.12.29

༄༅༎རྒྱ་གར་གྱི་གྲོང་ཁྱེར་སྦོ་པལ་ནང་རྟེན་གཞི་བྱེད་པའི་མཧཏ་མ་གན་རྡིའི་བོད་དོན་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཚོགས་པ་དང་རྒྱལ་སྤྱིའི་ཨ་མེ་ཏི་ཚོགས་པ་ཞེས་པ་གཉིས་ཐུན་མོང་གི་ཐོག་ནས་རྒྱ་གར་གྱི་གྲོང་ཁྱེར་སྦོ་པལ་ནས་འགོ་བཙུགས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་རིམ་པ་བརྒྱུད་ནས་བོད་ཀྱི་གནད་དོན་གོ་རྟོག་སྤེལ་ཐབས་སུ་དམིགས་ནས་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་འགོ་བཙུགས་ཡོད་འདུག གོམ་བགྲོད་ཀྱི་ལས་འགུལ་འདིའི་རིང་གྲོང་ཚོ་དང་གྲོང་བརྡལ་ཁག་གི་ནང་རྒྱ་གར་མང་ཚོགས་དང་ཆབ་སྲིད་མི་སྣ།གསར་འགྱུར་བརྒྱུད་ལམ་སོགས་ལ་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་བོད་ཀྱི་བདེན་དོན་སྲུང་སྐྱོབ་སླད་རྒྱ་གར་མང་ཚོགས་ནས་རྒྱབ་སྐྱོར་བྱེད་དགོས་པའི་དགོས་པ་རྒྱུ་མཚན་དང་དམིགས་ཡུལ་སོགས་ཀྱི་སྐོར་བགྲོ་གླེང་དང་ལྷན་ཚོགས་ཀྱི་བརྒྱུད་ནས་དྲིལ་བསྒྲགས་སྤེལ་ཐབས་གནང་རྒྱུ་ཡིན་འདུག

རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ལྡི་ལིའི་ནང་མཧཏ་མ་གན་རྡི་བོད་རང་དབང་ལས་འགུལ་ཚོགས་པའི་འགོ་འཁྲིད་དྲོག་དྲར་མ་ཧེཤ་ཡ་དལྦ་མཆོག་ནས་གསར་འགོད་ལྷན་ཚོགས་ཤིག་ཐོག་རྒྱ་གར་གྱི་གཞུང་དང་མི་མང༌།གསར་འགྱུར་བརྒྱུད་ལམ་ཁག་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་ཡོད་རེད་ལ་ད་དུང་མུ་མཐུད་ནས་ལས་འགུལ་འདིའི་ཐོག་རྒྱབ་སྐྱོར་ཡོང་བ་དང་ལྷག་པར་དུ་རྒྱལ་སྤྱིའི་དབུ་འཁྲིད་དང་ནོ་བེལ་ཞི་བདེའི་དེད་དཔོན།གཞན་ཡང་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེར་དགའ་བས་མི་མང་ཚོར་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་མང་གི་བདེན་དོན་སེལ་ཐབས་དང་འཛམ་གླིང་ནང་ཞི་བདེ་ཡོང་ཐབས་སུ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་འདུག

ཡང་ཁོང་གིས་མུ་མཐུད་ནས་གལ་སྲིད་རྒྱལ་སྤྱིའི་སྤྱི་ཚོགས་ནས་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་འཐབ་རྩོད་གནང་མཁན་༸གོང་ས་མཆོག་གི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མ་ཐུབ་པ་ཡིན་ན་དེས་འཛམ་གླིང་ཞི་བདེར་རང་བཞིན་གྱི་གྱོང་གུན་ཕོག་རྒྱུ་ཡིན་ལུགས་ཀྱང་གསུངས་ཡོད་འདུག གོང་ཞུས་གོམ་བགྲོད་ཀྱི་ལས་འགུལ་འདི་བཞིན་ཉིན་གྲངས་ལྔ་བཅུའི་ནང་ཚུད་མཇུག་བསྒྲིལ་བ་གནང་རྒྱུའི་འཆར་གཞི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎