རྒྱ་གར་དང་སྦང་ལ་རྡེ་ཤིའི་འབྲེལ་བ།

རྒྱ་གར་གྱི་སྲིད་བློན་དེ་རིང་གཟའ་མིག་དམར་ཉིན་སྦང་ལ་དེ་ཤིའི་རྒྱལ་ས་ཌ་ཀར་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འབྱོར་གནང་ཡོད་པ་རེད།

2011.09.06

༄༅༎ཟླ་བ་འགའ་ཤས་སྔོན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངག་མཆོག་གིས་སྦང་ལ་རྡེ་ཤིའི་མི་མང་པོ་ཞིག་ནི་རྒྱ་གར་ལ་མི་དགའ་བ་བྱེད་མཁན་ཡིན་པ་གསུངས་པའི་ཐོག་ནས་གནས་ཚུལ་རྙོག་འཛིང་ཅན་ཞིག་ཆགས་ཡོད་ན་ཡང་ དེ་རིང་གཟའ་མིག་དམར་ཉིན་རྒྱ་གར་གྱི་སྲིད་བློན་སྦང་ལ་རྡེ་ཤིའི་རྒྱལ་ས་ཌ་ཀར་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འབྱོར་གནང་ཡོད་པ་རེད།

རྒྱ་གར་སྲིད་བློན་གྱི་ཉིན་གཉིས་རིང་གི་འཚམས་གཟིགས་དེའི་སྐབས་ ཡུལ་གྲུ་གཉིས་དབར་རྒྱུན་རིང་ལྷག་པའི་ས་མཚམས་ཀྱི་རྩོད་རྙོག་སེལ་རྒྱུ་དང་ དེ་བཞིན་ཡུལ་གྲུ་གཉིས་ཀྱི་ནང་རྒྱུགས་པའི་ཀྲི་སི་ཏ་(Teesta)གཙང་པོ་མཉམ་སྤྱོད་བྱ་རྒྱུ་བཅས་གལ་གནད་ཆེ་བའི་གནད་དོན་མང་དག་ཅིག་གི་ཐོག་མོས་མཐུན་ཆིངས་ཡིག་ལ་མིང་རྟགས་བཀོད་གནང་རྒྱུ་ཡིན་འདུག།

རྒྱ་གར་དང་སྦང་ལ་དེ་ཤིའི་དབར་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་གནས་པའི་ཕན་ཚུན་དོགས་པ་རྣམ་རྟོག་ཆེན་པོ་བྱེད་པའི་རང་བཞིན་ཞིག་ཡོད་ལ་ དེ་བཞིན་ལན་མང་ས་མཚམས་ཐོག་ཕན་ཚུན་མེ་འཕེན་གྱི་འཁྲུག་རྩོད་ཆུང་ངུའི་རིགས་བྱུང་བཞིན་པ་དེ་དག་གིས་རྐྱེན་པས་ཁྱིམ་མཚེས་ཡུལ་གྲུ་དེ་གཉིས་ཀྱི་འབྲེལ་ལམ་དེ་ཙམ་བཟང་པོ་མེད་ཅིང༌།  སྦང་ལ་དེ་ཤིར་རྒྱ་གར་གྱི་སྲིད་བློན་ཞིག་ཕྱི་ལོ་ ༡༩༩༩ ལོ་ནས་ཕེབས་མྱོང་མེད་པ་དང༌།  སྐུ་ཞབས་ མེན་མོ་ཧན་སིངག་མཆོག་ནི་ རྒྱ་གར་ཀོང་རེསི་ཚོགས་པའི་སྲིད་བློན་ཞིག་འདས་པའི་ལོ་ངོ་བཞི་བཅུའི་ནང་སྦང་ལ་དེ་ཤིར་ཕེབས་མཁན་དང་པོ་དེ་ཆགས་ཡོད་པ་རེད།

ཕྱི་ལོ་ ༡༩༧༡ བར་སྦང་ལ་དེ་ཤི་ནི་ཤར་པ་ཀིསི་ཐན་གྱི་ཁོངས་གཏོགས་ཡིན་ན་ཡང་ རྒྱ་གར་གྱི་དམག་དཔུང་གིས་རྒྱབ་སྐྱོར་ལ་བརྟེན་ནས་ལོ་དེར་པ་ཀིསི་ཐན་དང་དམག་འཐབ་བྱས་ཏེ་ སྦང་ལ་དེཤ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ཀྱང་ རྒྱ་གར་དང་སྦང་ལ་དེཤ་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་པ་རེད། འོན་ཀྱང་རྒྱ་གར་གྱི་ངོས་ནས་མངའ་ཁུལ་གྱི་ནང་རྒྱ་ནག་གི་སྟོབས་ཤུགས་ལ་ཁ་གཏད་གདོང་ལེན་བྱེད་པའི་སྲིད་བྱུས་ཀྱི་བརྒྱུད་རིམ་ནང་ ཁྱིམ་མཚེས་ཡུལ་གྲུ་ཁག་དང་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ཤུགས་ཆེ་གནང་བཞིན་ཡོད་ཅིང་ དེའི་ཁོངས་ནས་ སྦང་དེཤི་དང་འབྲེལ་ལམ་སླར་གསོ་གནང་ཐབས་གནང་བཞིན་པ་དེ་ཡང་སྲིད་བྱུས་དེའི་བརྒྱུད་རིམ་གྱི་ཆ་ཤས་ཤིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎