རྒྱ་གར་གྱི་སྲིད་བློན་མཆོག་ཨ་མི་རི་ཀར་འཚམས་འདྲི།

རྒྱ་གར་གྱི་སྲིད་བློན་ནས་ཨ་རིའི་སྲིད་འཛིན་ལྷན་དུ་པཀི་སི་ཏན་གྱི་གནད་དོན་གཙོ་བོར་གྱུར་བའི་གནད་དོན་ཁག་ཅིག་ཐོག་གྲོས་མོལ་གནང་རྒྱུ།

2009.11.23

༄༅༎རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་ཨ་མི་རི་ཀར་རེས་གཟའ་ཉི་མ་ཉིན་ཕེབས་འབྱོར་གནང་ཡོད་པ་དང་ཁོང་གིས་ཨ་རིའི་སྲིད་འཛིན་ཨོ་སྦ་མའི་ལྷན་དུ་པཀི་སི་ཏན་གྱི་གནད་དོན་གཙོ་བོར་གྱུར་བའི་གནད་དོན་ཁག་ཅིག་ཐོག་གྲོས་མོལ་གནང་རྒྱུའི་འཆར་གཞི་ཡོད་པ་རེད་              རེས་གཟའ་ཉི་མ་ཉིན་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་གསར་འགོད་པར་ཨ་མི་རི་ཀས་པཀིསི་ཏན་ལ་གནོན་ཤུགས་ཆེ་ཙམ་གནང་ནས་ཡུལ་དེའི་ནང་གི་འཇིགས་སྐུལ་དྲག་སྤྱོད་པ་ཁག་མེད་པ་བཟོ་རྒྱུའི་ཐོག་འབད་བརྩོན་གནང་དགོས་སྐོར་གསུངས་འདུག            ཁོང་གིས་ང་ཚོ་ལོ་ངོ་ཉི་ཤུ་རྩ་ལྔ་རིང་པཀསི་ཏན་གཞུང་གིས་ངན་སྐུལ་དང་རོགས་སྐྱོར་བྱས་པའི་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་ཕོག་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་

ང་ཚོའི་འདོད་པར་ཨ་མི་རི་ཀས་པཀིསི་ཏན་ལ་གནོན་ཤུགས་སྤྲད་ནས་ཡུལ་དེ་གོང་ཞུས་ཀྱི་ལས་དོན་དེ་ལས་ཁ་འབྲལ་ཐུབ་ཐབས་གནང་དགོས་ཞེས་གསུངས་འདུག            ཡང་ཁོང་གིས་པཀིསི་ཏན་ངོས་ནས་རྒྱ་གར་ལ་ཞེད་སྣང་བྱེད་དགོས་དོན་གང་ཡང་ཡོད་པ་མ་རེད་          ཐབས་སྡུག་གི་གནས་ཚུལ་ཞིག་ལ་པཀིསི་ཏན་ངོས་ནས་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་དོན་དེ་གཞུང་གི་སྲིད་བྱུས་ཤིག་ལ་ལག་བསྟར་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག དེ་བཞིན་ཁོང་གིས་ཨ་མི་རི་ཀ་དང་པཀིསི་ཏན་གྱིས་ཨཕ་གྷ་ནི་སི་ཏན་ཐོག་འཛིན་པའི་སྲིད་བྱུས་དམིགས་ཡུལ་དེ་མཚུངས་ཀྱི་མེད་པའི་ཐུགས་དོགས་ཡོད་སྐོར་དང་པཀིསི་ཏན་གྱི་དམིགས་ཡུལ་གཙོ་བོ་དེ་ཨཕ་གྷ་ནི་སི་ཏན་གྱི་ཡུལ་དེར་བཏང་འཛིན་གང་བྱེད་ཐུབ་ཐབས་ཀྱི་སྲིད་བྱུས་ཤིག་འཛིན་གྱི་ཡོད་སྐོར་གསུངས་འདུག རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ལྷན་དུ་རྒྱལ་སྤྱིའི་གནད་དོན་མང་དག་ཅིག་གི་ཐོག་བཀའ་མོལ་གནང་རྒྱུའི་འཆར་གཞི་ཡོད་ནའང་ཨ་མི་རི་ཀའི་ངོས་ནས་ད་ཐེངས་ཀྱི་རྒྱ་གར་གྱི་སྲིད་བློན་མཆོག་གི་ཨ་རིའི་གཟིགས་བསྐོར་འདི་རྒྱ་གར་དང་འབྲེལ་ལམ་དམ་གཟབ་ཡོད་པའི་རྣམ་པ་སྟོན་རྒྱུའི་ཆེད་ལས་དམིགས་ཀྱི་མེད་པའི་གནས་ཚུལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎