རྒྱ་གར་གཞུང་གིས་བོ་ཏི་སྐད་ཡིག་ངོས་འཛིན་གནང་འཆར།

རྒྱ་གར་གཞུང་གིས་རྒྱ་གར་དང་བོད་ཀྱི་སྐད་ཡིག་བོ་ཏི་ཞེས་པ་ངོས་འཛིན་གནང་རྒྱུའི་ཁྲིམས་འཆར་དགོངས་བཞེས་གནང་རྒྱུ་ཡིན་པའི་སྐོར།

༄༅༎རྒྱ་གར་གཞུང་གིས་རྒྱ་གར་དང་བོད་ཀྱི་སྐད་ཡིག་བོ་ཏི་(Bhoti)ངོས་འཛིན་གནང་རྒྱུའི་ཁྲིམས་འཆར་དགོངས་བཞེས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག༎

ཕྱི་ཟླ་བརྒྱད་པའི་ཚེས་དགུ་སྟེ་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་ཆར་དུས་ཀྱི་གྲོས་ཚོགས་ཚོགས་དུས་ནང་ཕྱོགས་འགལ་རྒྱལ་ཡོངས་ཧིན་རྡུའི་ཚོགས་པ་བ་རཏི་ཡ་ཇན་ཏ་ཡི་རྒྱལ་ཡོངས་མགྲིན་ཚབ་པ་དང་ གྲོས་ཚོགས་ཀྱི་འཐུས་མི་ཏ་རུན་ལྦི་ཇེ་ཡིས་བོ་ཏི་སྐད་ཡིག་རྒྱལ་ཁབ་ཁྱི་རྩ་ཁྲིམས་ནང་ངོས་འཛིན་དགོས་པའི་ཁྲིམས་འཆར་བཏོན་ཡོད་འདུག བོ་ཏི་ནི་རྒྱ་གར་གྱི་ཧི་མ་ལ་ཡའི་ས་ཁུལ་ལ་དྭགས་ནས་མོན་རྟ་དབང་བར་ཇ་མུ་དང་ ཀེ་ཤེ་མིར། ཧི་མ་ཅལ་པ་ར་རྡེཤེ། ཨུཏ་ར་ཁནྜི། ཨ་རུ་ན་ཅལ་པར་རྡེཤེ། འབྲས་ལྗོངས་དང་ ནུབ་སྦེང་གོལ་བཅས་ནང་དར་བའི་སྐད་ཡིག་ཅིག་ཡིན་ཅིང། བོ་ཏི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་ནང་སྣོན་འཇོག་བྱས་པ་ཡིན་ན་དེས་ཧི་མ་ལ་ཡའི་མི་མང་རྣམས་རྒྱ་གར་སོ་སོའི་རྒྱལ་ཁབ་ཡིན་པའི་སྤྲོ་སྣང་དང་བློ་ཁ་བསྒྱུར་རྒྱུར་ཕན་རྒྱུ་ཡིན་པ་བརྗོད་མི་དགོས་པ་རེད། ཡང་བོ་ཏི་སྐད་ཡིག་ནི་འབྲུག་དང་ བལ་ཡུལ། བོད། རྒྱ་ནག། སོག་ཡུལ་དང་ པ་ཀི་སི་ཐན་བཅས་ནང་དུའང་བཀོལ་སྤྱོད་བྱེད་ཀྱི་ཡོད་པས་ གལ་སྲིད་རིག་གཞུང་དང༌། ཆོས་ལུགས་། རྒྱལ་ཁབ་འདྲ་མིན་གྱིས་ སྐད་ཡིག་འདི་བྱེད་སྤྱོད་བཏང་གི་ཡོད་ན། དེས་ཆིག་སྒྲིག་དང་ སྣ་ཚོགས་པ་མཚོན་ཐུབ་ཀྱི་ཡོད་པ་དང་བོ་ཏི་སྐད་ཡིག་རྩ་ཁྲིམས་ཐོག་ནས་ངོས་འཛིན་གནང་བ་ཡིན་ན་དེས་རྒྱལ་ཁབ་ནང་ཆིག་སྒྲིལ་གྱི་ནུས་པ་གོང་འཐོར་སྤེལ་གྱི་རེད་ཅེས་ཏ་རུན་ལྦི་ཇེ་ཡིས་འགྲེལ་བརྗོད་གནང་འདུག༎