སྦི་ཇེ་པི་ཚོགས་པ་ནས་དགོངས་ཞུས།

རྒྱ་གར་གྱི་ཕྱོགས་འགལ་སྦི་ཇེ་པི་ཚོགས་པའི་དབུ་ཁྲིད་ཨེལ་ཀེ་ཨཏ་བ་ནི་མཆོག་གིས་དེ་རིང་ཚོགས་པ་ནས་དགོངས་པ་ཞུས་ཡོད་པའི་གནས་ཚུལ།

རྒྱ་གར་གྱི་ཕྱོགས་འགལ་BJPཚོགས་པའི་དབུ་ཁྲིད་LK Advani མཆོག་གིས་༢༠༡༡ལོའི་ཕྱི་ཟླ ༥པའི་ནང་༸གོང་ས་མཆོག་མཇལ་འཕྲད་ཞུ་བཞིན་པ། ༸གོང་ས་མཆོག་གི་དྲ་གནས།

༄༅༎རྒྱ་གར་གྱི་ཕྱོགས་འགལ་BJPཚོགས་པའི་དབུ་ཁྲིད་LK Advani མཆོག་གིས། དེ་རིང་ལས་གནས་ནས་དགོངས་པ་ཞུས་ཡོད་པ་དང་། དེ་ནི་ཁོང་གི་ཆབ་སྲིད་ཚོགས་པས་ཧིན་རྡུའི་ལྟ་བ་མཁྲེགས་བཟུང་ཅན་སྐུ་ཞབས་Narendra Moti མཆོག་ལོ་རྗེས་མའི་རྒྱལ་ཡོངས་འོས་བསྡུའི་སྐབས་ཚོགས་པའི་དབུ་ཁྲིད་དུ་བསྐོ་བཞག་གནང་བའི་ཉིན་གཅིག་གི་རྗེས་སུ་དགོངས་པ་ཞུས་པ་ཞིག་ཡིན་ལུགས་ཕ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག
དེ་ཡང་དགུང་གྲངས་༨༥ལ་ཕེབས་པའི་སྲིད་བློན་གཞོན་པ་ཟུར་པ་ LK Advani མཆོག་གིས་BJP ཆབ་སྲིད་ཚོགས་པའི་ནང་ནས་རྩ་དགོངས་ཞུས་ཡོད་པ་དང་། རྩ་དགོངས་སྙན་ཞུ་དེ་བཞིན་ཚོགས་པའི་དབུ་ཁྲིད་ལ་དེ་རིང་ཕུལ་ཡོད་ལུགས་མིང་འདོན་གནང་འདོད་མེད་པ་ཞིག་གིས་གསུངས་འདུག  ཡང་PTI ཞེས་པའི་རྒྱ་གར་གྱི་གསར་འགྱུར་ལས་ཁང་གིས་ BJP ཚོགས་པའི་ནང་ཆབ་སྲིད་ཀྱི་ལྟ་བ་མ་མཐུན་པའི་ཆ་ནས་སྐུ་ཞབས་ LK Advani མཆོག་གིས་རྩ་དགོངས་ཞུས་པ་ཞིག་ཡིན་ལུགས་གསུངས་ཡོད་པ་རེད།  

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org