རྒྱ་གར་གྱི་དངུལ་ཁང་ཁག་གི་གནས་སྟངས་བརྟན་པོ་ཡིན་སྐོར།
2008.10.13
༄༅༎རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཆི་རྡམ་སྦ་རམ་ཡིས་རྒྱ་གར་གྱི་དངུལ་ཁང་རྣམས་ཀྱི་གནས་སྟངས་བརྟན་པོ་ཡིན་པ་དང་མང་ཚོགས་ནས་དངུལ་ཁང་ནང་དངུལ་བཅོལ་བྱ་རྒྱུར་ཡིད་ཆེས་ཆོག་པ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད་
དེ་ནི་ཉེ་ལམ་ཨ་རིའི་ནང་ཀང་པའི་ཉོ་ཚོང་གི་ཁྲོམ་རར་ཉམ་རྒུད་ཤུགས་ཆེ་བྱུང་བའི་ཤུགས་རྐྱེན་གྱིས་དངུལ་ཁང་མང་པོ་ཞིག་ལ་གྱོང་གུན་ཤུགས་ཆེ་ཕོག་སྟེ་དངུལ་ཁང་ཁག་ཅིག་བོང་བུ་འདོན་པའི་གནས་སྟངས་འོག་རྒྱལ་སྤྱིའི་ནང་མ་གཤེར་ཁྲོམ་ར་ཁག་ལ་ཚོང་ཉེས་ཤུགས་ཆེ་ཕོག་སྟེ་དངུལ་ཁང་ཁག་གི་གཙོས་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ཇི་འགྱུར་ཆ་མ་རྟོགས་པའི་གནས་སྟངས་ཤིག་ཏུ་འགྱུར་བཞིན་པའི་སྐབས་མང་ཚོགས་མང་པོ་ཞིག་གིས་དངུལ་ཁང་གི་གཙོས་མ་གཤེར་ཁྲོམ་རའི་ནང་དངུལ་གསོག་འཇོག་བྱས་པ་ཁག་བཏོན་ཏེ་དངུལ་གྱི་བསྐོར་ར་མ་འཁོར་བའི་དཀའ་ངལ་གསར་པ་ཞིག་ཡུལ་གྲུ་གང་སར་སྤྲད་བཞིན་ཡོད་པ་ལྟར་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་མཆོག་གིས་རྒྱ་གར་ནང་གི་དངུལ་ཁང་གི་རྩ་བ་བརྟན་པོ་ཡིན་པར་ཚང་མས་ཡིད་ཆེས་བྱེད་ཆོག་པ་དང་གཞི་རིམ་ཡུལ་གྱི་དཔལ་འབྱོར་ཡང་གནས་སྟངས་གང་ལེགས་ཡོད་སྐོར་གསུང་ས་ཡོད་པ་རེད་