རྒྱ་དཀར་ནག་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ།

རྒྱ་དཀར་ནག་རྒྱལ་ཁབ་གཉིས་དབར་འབྲེལ་ལམ་གནང་མི་བདེ་བའི་གནས་ཚུལ་འགའ་ཤས་ཡོད་པ་རེད།

2009.10.28

༄༅༎རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ནང་རྒྱ་དཀར་ནག་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་རྣམ་པའི་དབར་གྲོས་མོལ་གནང་བའི་ཉིན་གཅིག་རྗེས་རྒྱ་གར་གྱིས་རྒྱ་ནག་མཉམ་འབྲེལ་བ་གནང་རྒྱུའི་འདོད་ཚུལ་གསལ་བཏོན་གནང་ཡོད་རུང་ཕྱོགས་གཉིས་དབར་འབྲེལ་ལམ་གནང་མི་བདེ་བའི་གནས་ཚུལ་འགའ་ཤས་ཡོད་པ་རེད།

ཁ་ས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དབར་ལྷན་འཛོམས་གནང་བའི་སྐབས་པ་ཀི་སི་ཐན་གྱི་བདག་བཟུང་བྱེད་བཞིན་པའི་ཀ་ཤི་མིར་མངའ་ཁུལ་ནང་འཛུགས་སྐྲུན་ལས་འཆར་ཁག་ལ་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་རོགས་རམ་བྱེད་བཞིན་པ་དང་རྒྱ་ནག་གཞུང་ཚབ་ཁང་གིས་ཀ་ཤི་མིར་ཁུལ་གྱི་ཡུལ་མི་ཚོར་ཐོངས་མཆན་མི་འདྲ་བ་ཞིག་སྤྲོད་བཞིན་ཡོད་པའི་གནད་དོན་སོགས་ཀྱི་སྐོར་རྒྱ་གར་གྱིས་བློ་འཚབ་གསལ་བཏོན་གནང་ཡོད་པ་དང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ངོས་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཁུལ་ཆིབས་བསྒྱུར་གནང་གི་ཡོད་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཨེསི་ཨེམ་ཀིརིཤ་ན་ཡིས་གསར་འགོད་པ་ཚོར་ཕྱོགས་གཉིས་དབར་ཡོད་བཞིན་པའི་ས་མཚམས་ཀྱི་རྩོད་རྙོག་དེ་ཆ་ཚང་སེལ་ཐུབ་མེད་པ་དང་དེས་རྐྱེན་པས་སྐབས་རེ་ས་མཚམས་ཁུལ་འཁོན་རྩོད་ཡོང་རྒྱུ་ཡིན་ནའང་དེ་ཚོར་འཇིགས་སྣང་བྱེད་དགོས་དོན་མེད་སྐོར་གསུངས་འདུག

དེ་བཞིན་རྒྱ་ནག་གི་ངོས་ནས་༸གོང་ས་མཆོག་ཨ་རུ་ན་ཅལ་ཁུལ་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་དེས་རྒྱ་ནག་གི་མངའ་ཁུལ་བདག་དབང་ལ་སྣང་ཆུང་ཁྱད་གསོད་འགྲོ་གི་ཡོད་པའི་སྐྱོན་བརྗོད་ལ་རྒྱ་གར་ཕྱི་འབྲེལ་བློན་ཆེན་ཀི་རིཤ་ནས་༸གོང་ས་མཆོག་རྒྱ་གར་གྱི་ས་ཕྱོགས་ག་བར་ཕེབས་པ་ཡིན་ནས་རང་དབང་གི་སྒོ་ནས་ཕེབས་ཆོག་རྒྱུའི་རྒྱ་གར་གཞུང་གི་བཞེངས་ཕྱོགས་བསྐྱར་ནན་གསུངས་ཡོད་སྐོར་གསར་འགོད་པར་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎