རྒྱ་གར་གཞུང་གིས་ཀཤ་མིར་ནས་དམག་མི་༡༠༠༠༠ཕྱིར་འཐེན།
2011.02.13
༄༅༎རྒྱ་གར་ཁོངས་གཏོགས་ཀ་ཤེ་མིར་ནང་ཁ་ཆེའི་ཁྲ་བྲལ་རིང་ལུགས་པ་དང་ཞི་འགྲིག་གི་ཁོར་ཡུག་བསྐྲུན་པའི་ཆེད་དུ་ད་ཆ་རྒྱ་གར་གཞུང་གིས་ས་གནས་ནས་ལོ་འདིའི་ནང་དམག་མི་ཆིག་ཁྲི་ཙམ་ཕྱིར་འཐེན་གནང་འཆར་ཡོད་པ་ནང་སྲིད་དྲུང་ཆེ་གོའོ་པལ་པི་ལའེ་ཡིས་གསར་འགོད་པར་གསུངས་གནང་འདུག ད་ལྟའི་སྐབས་སུ་ཀ་ཤེ་མིར་ནང་རྒྱ་གར་གི་དྲག་ཆས་དམག་མི་ཁྲི་བདུན་དང་ ཉེན་སྲུང་དམག་མི་འབུམ་གཅིག་དང་ཕྱེད་ཀ་ཙམ་ཡོད་རེད། ས་གནས་ཀྱི་སྲིད་དོན་པ་ཁག་ཅིག་གིས་དྲག་པོའི་དམག་མི་མང་དྲག་པའི་རྐྱེན་གྱིས་ས་གནས་སུ་དོན་མེད་དྲག་ལས་མང་དུ་ཕྱིན་ཡོད་ལུགས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག རྒྱ་གར་དབུས་གཞུང་གིས་ཀྱང་གནས་ཚུལ་དེ་ངོས་ལེན་གནང་གི་ཡོད་པའི་རྣམ་པར་ནང་སྲིད་དྲུང་ཆེ་གོའོ་པལ་པི་ལའེ་ཡིས་ཀ་ཤེར་མི་ནང་དམག་མིའི་གྲངས་འབོར་ཉུང་དུ་གཏོང་ནང་འགྲིག་ངེས་ཡིན་ལུགས་གསལ་བཤད་གནང་འདུག དཔེར་ན་སྔ་ལོ་དམག་མི་དང་ཁ་བྲལ་མི་སྣའི་དབར་འཐབ་རྩོད་ནང་ཡུལ་མི་༡༡༤རྐྱེན་ལམ་དུ་ཕྱིན་ཡོད་འདུག།