རྒྱ་གར་ནང་འཆར་ལོའི་རྩེད་འགྲན་ཚོཌ་ཡུལ་དུས་ཐོག་འགྲུབ་མིན།

རྒྱ་གར་ནང་འཆར་ལོ་ཁོའོ་མེན་ལྦེལ་ཐི་རྩེད་འགྲན་ཆེན་མོ་ཚོགས་ཡུལ་གྱི་ལས་གཞི་རྣམས་དུས་ཐོག་མཇུག་བསྒྲིལ་ཐུབ་རྒྱུ་ཁག་པོ་ཆགས་འདུག

2009.08.20

༄༅༎རྒྱ་གར་ནང་འཆར་ལོ་ཁོའོ་མེན་ལྦེལ་ཐི་རྩེད་འགྲན་ཆེན་མོ་ཚོགས་ཡུལ་གྱི་ལས་གཞི་རྣམས་དུས་ཐོག་མཇུག་བསྒྲིལ་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་འདུག

ཀྲ་ཡེམ་སེ་ཨོཕ་ཨིན་ཌི་ཡ་ཞེས་པའི་གསར་ཤོག་ནས་གནས་ཚུལ་མཁོ་བཏོན་བྱས་པ་ལྟར་ན་ལོ་རྗེས་མ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཚུགས་རྒྱུའི་ཁོའོ་མེན་ལྦེལ་ཐི་ཞེས་དེ་སྔ་དབྱིན་ཇིའི་དབང་འོག་ཏུ་ཚུད་པའི་རྒྱལ་ཁབ་ཁག་ཅིག་གི་རྩེད་འགྲན་ཆེན་མོ་དེའི་ཚོགས་ཡུལ་དང་འགྲུལ་ལམ་སོགས་ཀྱི་འཛུགས་སྐྲུན་གསར་བཟོ་དང་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་ལས་གཞི་བརྒྱ་ཆ་དགུ་བཅུ་ལྷག་ཙམ་ལོ་འདིའི་ཟླ་བ་བརྒྱད་པ་ཙམ་ལ་མཇུག་བསྒྲིལ་ཐུབ་པ་དགོས་ཀྱི་ཡོད་ཀྱང་ད་བར་བརྒྱ་ཆ་བཞི་བཅུ་ལྷག་ཙམ་ལས་ཟིན་མེད་པ་བཅས་ལ་བརྟེན་འཆར་ལོའི་རྩེད་འགྲན་གོང་དུ་ཐོག་ལས་འཆར་ཆ་ཚང་མཇུག་བསྒྲིལ་ཐུབ་ཨེ་ཡོང་བསམ་པའི་བློ་འཚབ་ཡོད་འདུག

ལས་འཆར་ཁོངས་སུ་རྩེད་འགྲན་ཚོགས་ཡུལ་གྱི་ཚོགས་ཁང་ཆེ་ཤོས་དང་དེ་བཞིན་རྩེད་འགྲན་པ་རྣམས་སྡོད་ཡུལ་ཁག་ཅིག་རྒྱབ་རྒྱུར་ཁོང་ཡུག་སྲུང་སྐྱོབ་ཚོགས་པ་ཁག་ནས་དགག་ཆ་བྱས་པ་བཅས་ལ་བརྟེན་དུས་ཐོག་ལས་ཀ་འགོ་འཛུགས་ཐུབ་མེད་པ་བཅས་ལ་བརྟེན་ཡིན་པ་རེད།

གོང་ཞུས་རྩེད་འགྲན་ཆེན་མོ་དེའི་ནང་རྒྱལ་ཁབ་དང་མངའ་ཁུལ་ཁྱོན་བསྡོམས་བདུན་བཅུ་དོན་གཅིག་ཙམ་ནས་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎