རྒྱལ་ཚོགས་ཀྱི་བདེ་འཇཌ་ལྷན་ཚོགས་ཀྱི་ཚོགས་མི་གསར་འདེམས།

རྒྱ་གར་དང་ལྷོ་ཨཕ་རི་ཀ།ཇར་མ་ནི།པོར་ཅུ་གལ་དང་ཀོ་ལམ་བི་ཡ་བཅས་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིར་འོས་འདེམས།

2010.10.13

༄༅༎ཁ་ས་རྒྱ་གར་དང་ལྷོ་ཨཕ་རི་ཀ། ཇར་མ་ནི། པོར་ཅུ་གལ་དང་ ཀོ་ལམ་བི་ཡ་བཅས་རྒྱལ་ཁབ་ལྔ་ལ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིར་འོས་འདེམས་བྱུང་འདུག།

༢༠༡༡ལོའི་ཕྱི་ཟླ་༡ནས་བཟུང་ལོ་གཉིས་རིང་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི་གནང་རྒྱུའི་གོ་སྐབས་ཐོབ་པའི་རྒྱལ་ཁབ་ལྔ་པོ་དེ་ཚོས་སྒྲིག་འཛུགས་ཐད་སླད་ཕྱིན་ལས་དོན་གནང་ཕྱོགས་ཐད་འགྱུར་བ་གཏོང་ཐབས་གནང་དགོས་པའི་སྐུལ་མ་གནང་འདུག། རྒྱ་གར་དང་ལྷོ་ཨཕ་རི་ཀ། ཀོ་ལམ་བི་ཡ་བཅས་རྒྱལ་ཁབ་གསུམ་ལ་ལོ་གཉིས་རིང་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི་གནང་རྒྱུའི་གོ་སྐབས་དེ་འགྲན་བསྡུར་གནང་མི་དགོས་པར་འོས་འདེམས་བྱུང་ཡོད་ནའང༌། ཇར་མ་ནིས་ ཀེ་་ཌ་དང་པོར་ཅུ་གལ་མཉམ་འགྲན་བསྡུར་ཐུག་ནས་འོས་ཐོན་བྱུང་ཡོད་པ་རེད།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་ཚོགས་ཞུགས་རྒྱལ་ཁབ་༡༥ཡོད་པའི་གྲས་ནས་དབྱིན་ཡུལ་དང་རྒྱ་ནག། ཕ་རེན་སི། ཨུ་རུ་སུ་དང་ཨ་མི་རི་ཀ་བཅས་རྒྱལ་ཁབ་ལྔ་ནི་གཏན་འཇགས་ཚོགས་མི་ཡིན་པ་མ་ཚད། རྒྱལ་ཁབ་དེ་ལྔ་པོར་ཆོད་དོན་ཁྲུ་ལོག་གཏོང་བའི་དབང་ཚད་ཀྱང་ཡོད་པ་རེད། ད་རེས་གསར་དུ་འདེམས་ཐོན་བྱུང་བའི་རྒྱལ་ཁབ་ལྔ་པོ་དེ་ཚོས་ལོ་གཉིས་ཀྱི་ལས་ཡུན་འཁྱུར་གྱི་ཡོད་པའི་ ཉི་ཧོང་དང་ཨོསི་ཀྲི་རི་ཡ། ཏུར་ཀི་དང་མེཀ་སི་ཀོ། ཡུ་གན་དྲ་བཅས་ཀྱི་ཚབ་ལ་ཕེབས་རྒྱུ་ཡིན་སྟབས། རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ལ་ཆབ་སྲིད་ཀྱི་རྣམ་པ་གསར་པ་ཞིག་ཐོན་རྒྱུ་ཡིན་པ་རེད།

ཇར་མ་ནིའི་ཕྱི་སྲིད་བློན་ཆེན་གུཨི་རྡོ་ལྦེསི་ཀྲི་ལྦེལ་ཡིས་ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་བཅོས་སྒྱུར་གཏོང་རྒྱུའི་གནད་དོན་ཐོག་གྲོས་མོལ་བྱ་རྒྱུ་ཡིན་ལ། སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་མཐོར་གཏོང་རྒྱུར་དགོས་ངེས་ཀྱི་འགྱུར་བ་ཁག་ཅིག་གཏོང་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་འདུག།

དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཀི་རིཤ་ན་ཡིས་ཁོང་གི་རྒྱལ་ཁབ་ཀྱིས་བདེ་འཇགས་ལྷན་ཚོགས་ནང་དོན་ཕན་ལྡན་པ་དང་ཕྱོགས་ལྷུང་མེད་པའི་ཆ་ཤས་བླངས་རྒྱུ་ཡིན་ཞེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎