རྒྱ་གར་གཞུང་གི་ངོས་ནས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད།


2017.04.14
རྒྱ་གར་གཞུང་གི་ངོས་ནས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད། རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་། གོ་པལ་ སྦག་ལེ(Gopal Baglay).
རྒྱ་གར་ཕྱི་སྲིད་ལྷན་ཁང་གི་དྲ་གནས།


༄༅། །༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅཱལ་ཁུལ་གཟའ་འཁོར་གཅིག་ལྷག་ཙམ་རིང་ཆིབས་བསྒྱུར་བསྐྱངས་གནང་མཛད་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་ཅིང། དེས་རྒྱ་གར་དང་རྒྱ་ནག་དབར་གྱི་འབྲེལ་བར་གནོད་སྐྱོན་བཏང་ཡོད་ལུགས་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་དང་གླེང་སློང་མང་པོ་ཞིག་བྱས་ཡོད།
ཕྱི་ཟླ་ ༤ ཚེས་ ༡༣ གཟའ་པ་སངས་ཉིན་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་། གོ་པལ་ སྦག་ལེ(Gopal  Baglay)ཡིས་རྒྱ་གར་གཞུང་གི་ངོས་ནས་བོད་ཐོག་འཛིན་པའི་སྲིད་ཇུས་དང་ས་མཚམས་ཀྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་སོགས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་གསུངས་འདུག
དེ་ཡང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ སྦག་ལཱེ་ཡིས་གསར་འགོད་པ་ཚོར། རྒྱ་གར་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོངས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་དེ་གསལ་པོར་བརྗོད་རྒྱུ་ཡིན་ཞེས་དང་། དེ་དང་ཕྱོགས་མཚུངས་ས་མཚམས་ཀྱི་གནད་དོན་ཐད་དྲང་བདེན་དང་རྒྱུ་མཚན་ལྡན་ཞིང་། ཕན་ཚུན་གཉིས་མོས་ཀྱི་ཐག་གཅོད་ཅིག་འབྱུང་རྒྱུའི་ལངས་ཕྱོགས་ལ་ཡང་འགྱུར་བ་ཕྱིན་མེད་པ་གསལ་བཤད་གནང་ཡོད་པ་རེད།།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎