རྒྱ་གར་གྱི་གྱེན་ལོག་འགོ་ཁྲིད་འབར་མའི་ནང་འཛིན་བཟུང༌།
2011.12.04
༄༅༎རྒྱ་གར་བྱང་ཤར་གྱི་ཨ་སམ་ཆིག་སྒྲིལ་བཅིང་འགྲོལ་མདུན་བསྐྱོད་ཚོགས་པ་(United Liberation front of Asom-ULFA)ཞེས་པའི་འགོ་ཁྲིད་པ་རེཤེ་བྭུ་ར་(Paresh Baruah)དང་རྒྱ་གར་གྱི་གསར་འགོད་པ་གཅིག་བཅས་གཉིས་འབར་མའི་ནང་འཛིན་བཟུང་བཀག་ཉར་བྱས་ཡོད་ལུགས་བརྒྱུད་ལམ་ཁག་གིས་བརྗོད་བྱེད་བཞིན་ཡོད་འདུག འོན་ཀྱང་རྒྱ་གར་གྱི་ནང་སྲིད་དྲུང་ཆེ་ར་ཀེ་སིངྒ་(R K Singh) ཡིས་གསར་འགོད་པར་འགྲེལ་བརྗོད་གནང་བར་གཞིགས་ན་རྒྱ་གར་གཞུང་གིས་རྒྱ་གར་གཞུང་གིས་གོང་ཞུས་གྱེན་ལོག་འགོ་ཁྲིར་རིམ་པ་གཉིས་པར་ངོས་འཛིན་བྱེད་བཞིན་པ་ཇིལྦན་མོ་རན་(Jivan Moran)དང་གསར་འགོད་པ་གཅིག་འཛིན་བཟུང་བྱས་པའི་སྐོར་མཁྱེན་རྟོགས་བྱུང་ཡོད་ཀྱང་གྱེན་ལོག་པའི་འགོ་ཁྲིད་པ་རེཤེ་བྭུ་ར་ འཛིན་བཟུང་བྱས་པའི་སྐོར་གནས་ཚུལ་གསལ་པོ་མཁྱེན་རྟོགས་མེད་འགྲེལ་བརྗོད་བྱས་འདུག།