རྒྱ་གར་གྱིས་ས་མཚམས་སུ་རི་ལི་ལྕཊ་ལམ་གསར་འཛུཊ་བྱ་རྒྱུ།
རྒྱ་གར་གཞུང་གིས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་ས་ཁུལ་དུ་མེ་འཁོར་ལྕགས་ལམ་ཁག་གསུམ་གསར་འཛུགས་བྱ་རྒྱུའི་སྐོར།
-
2011-08-05 -
-
-
༄༅༎རྒྱ་གར་གྲོས་ཚོགས་ཀྱི་བདེ་འཇགས་ལས་དོན་ཚོགས་ཆུང་གི་སྙན་ཐོའི་ནང་གསལ་བར་གཞིགས་ན། རྒྱ་གར་གཞུང་གིས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་ས་ཁུལ་དུ་མེ་འཁོར་ལྕགས་ལམ་ཁག་གསུམ་གསར་འཛུགས་བྱ་རྒྱུ་དེ་བཞིན། རྒྱ་བྱང་ཤར་ཨ་སམ་མངའ་སྡེ་ནས་ ཨ་རུ་ན་ཅལ་མངའ་སྡེ་ནང་གི་ཏ་ལྦང་གྲོང་ཁྱེར་བར་མཐུད་རྒྱུ་ཡིན་པ་རེད།
གོང་གསལ་གྲོས་ཚོགས་ཀྱི་བདེ་འཇགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ སཏ་པལ་མ་ཧ་རཇ ཞུ་བས། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཁུལ་དུ་རྒྱ་ནག་གི་རི་ལི་ལྩགས་ལམ་གསར་འཛུགས་བྱེད་བཞིན་ཡོད་སྟབས། རྒྱ་གར་ཕྱོགས་ནས་ཀྱང་དེ་མཚུངས་རི་ལིའི་ལྕགས་ལམ་གསར་འཛུགས་བྱ་གལ་ཆེ་བའི་སྐོར་ཕེརན་སི་གསར་ལས་ཁང་གི་གསར་འགོད་པར་འགྲེལ་བརྗོད་གནང་བཞག རྒྱ་གར་ཨ་ར་ན་ཅལ་མངའ་སྡེའི་མོན་ཏ་དབང་ས་ཁུལ་གྱི་བདག་དབང་ཐོག རྒྱ་གར་དང་རྒྱ་ནག་གཉིས་དབར་རྒྱུན་རིང་ནས་རྩོད་གཞི་ཡོད་མུས་ཁར། ཉེ་བའི་ལོ་དུས་ནང་རྒྱ་ནག་གཞུང་གིས་ས་མཚམས་དེ་ཁུལ་དུ་མེ་འཁོར་རི་ལིའི་ལྕགས་ལམ་ལ་སོགས་པའི་འཛུགས་བསྐྲུན་གྱི་ལས་གཞི་ཇེ་མང་དུ་བཏང་བའི་རྐྱེན་གྱིས། རྒྱ་གར་གྱིས་བདེ་འཇགས་ཐད་ཉེན་ཚབས་དང་བློ་འཚབ་ཀྱི་གནས་ཚུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རྒྱ་གར་གྲོས་ཚོགས་ཀྱི་བདེ་འཇགས་ལས་དོན་ཚོགས་ཆུང་གི་སྙན་ཐོར་གཞིགས་ན། རྒྱ་གར་དང་རྒྱ་ནག་དབར་རྒྱང་ཚད་མེ་ལེ་༢༥༠༠ལྷག་གི་ས་འབྲེལ་ས་མཚམས་ཀྱི་དངོས་གཞིའི་དབྱེ་ཐིག་ས་ཁུལ་ནང་མི་འཁོར་རི་ལི་ལྕགས་ལམ་འཛུགས་བསྐྲུན་ཙམ་མ་ཟད། བདེ་འཇགས་དང་ཐབས་ཇུས་ཀྱི་ཐད་ནས་གནད་འགག་ཅན་གྱི་འཛུགས་བསྐྲུན་གྱི་ལས་གཞི་ལག་བསྟར་བྱ་རྒྱུ་དང་ གཞན་ས་མཚམས་སྲུང་སྐྱོབ་ཐད། ས་ཁུལ་དེ་ཚོའི་ནང་གཏན་འཇགས་དམག་སྒར་འཛུགས་འཆར་ཡོད་པ་བཅས་གསལ་འདོན་བྱས་འདུག།