རྒྱ་གར་གྱི་སྲིད་བློན་འབར་མར་འཚམས་གཟིགས་སུ་ཕེབས་པ།

རྒྱ་ནག་གི་གནོན་ཤུགས་ལ་ཁ་གཏད་དང་ཚོང་འབྲེལ་གོང་འཕེལ་ཆེད་འབར་མར་འཚམས་གཟིགས་སུ་ཕེབས་འདུག

2012.05.27

༄༅༎རྒྱ་གར་གྱིས་ཨེ་ཤེ་ཡའི་ཁུལ་རྒྱ་ནག་གི་གནོན་ཤུགས་ལ་ཁ་གཏད་ཆེད་རང་འབྱུང་གཏེར་དངོས་ཀྱི་ཕྱུག་པའི་འབར་མ་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུར་དམིགས་ནས་སྲིད་བློན་ མན་མོ་ཧན་སིངྷ་མཆོག་ཡུལ་དེར་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་ཡོད་འདུག

རེས་གཟའ་ཉི་མ་ནས་ཉིན་གསུམ་རིང་གི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གཟིགས་སྐོར་རིང་ སྲིད་བློན་མན་མོ་ཧན་སིངྷ་མཆོག་གིས་འབརར་མའི་སྲིད་འཛིན་ཐའེན་སེའེན་དང་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཨང་སན་སུ་ཅི་རྣམ་གཉིས་མཇལ་འཕྲད་ཀྱིས་ཡུལ་གཉིས་དབར་ཚོང་འབྲེལ་དང་ས་མཚམས་ཀྱི་ས་ཁུལ་ཡར་རྒྱས་གཏོང་ཆེད་མ་རྩ་འཛུགས་ཕྱོགས་སོགས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག  རེས་གཟའ་ཟླ་བའི་ཉིན་རྒྱལ་ས་ནེ་པི་དྷོ་Nayphidaw) ནང་རྒྱ་གར་གྱི་སྲིད་བློན་དང་འབར་མའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་དང་རེས་གཟའ་མིག་དམར་ཉིན་གྲོང་ཁྱེར་གཏེ་བ་ཡག་གོན་(Yangdon)དུ་ཕེབས་ནས་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཨང་སན་སུ་ཅི་མཆོག་མཇལ་འཕྲད་ཀྱིས་དེ་སྔའི་འབྲེལ་ལམ་བསྐྱར་གསོ་གནང་རྒྱུ་ཡིན་འདུག། རྒྱ་གར་གྱིས་ཐོག་མར་ཨང་སན་སུ་ཅིར་རྒྱབ་བསྐྱོར་གནང་ཡོད་ཀྱང་ཕྱི་ལོ་༡༩༩༠འི་ནང་ དྲག་པོའི་གཞུང་དང་དགོས་དབང་གིས་འབྲེལ་ལམ་བཟང་དུ་བཏང་བ་དེར་རྒྱལ་སྤྱིའི་ཐོག་རྒྱ་གར་ལ་སྐྱོན་བརྗོད་བྱས་ཡོད་འདུག འོན་ཀྱང་ད་ཆ་རྒྱ་གར་གྱིས་འབར་མ་མང་གཙོའི་ཁ་ཕྱོགས་སུ་འགྲོ་བཞིན་པ་དང་འགྲིག་འཇགས་ཀྱི་ཡོར་ཡུག་སྐྲུན་བཞིན་པ་དེར་བསྔགས་བརྗོད་ཡོད་ལུགས་སྲིད་བློན་མན་མོ་ཧན་སིངྒ་མཆོག་གིས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎