རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་གར་ཡོད་གསལ་སྟོན་དགོས་པའི་འབོད་སྐུལ་བྱས།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་ཉིན་སྲུང་བརྩིའི་བསྒྲགས་གཏམ་ཤིག་སྤེལ་ཏེ་རྒྱ་ནག་གཞུང་ལ་པན་ཆེན་རིན་པོ་ཆེའི་གནས་སྟངས་ཐད་གསལ་བཏོན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་།
དེ་ཡང་གསལ་བསྒྲགས་དེའི་ནང་ཕྱི་ཟླ་བཞི་པའི་ཚེས་༢༥་ཉི་པན་ཆེན་སྐུ་ཕྲེང་༡༡་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༢ལ་ཕེབས་པའི་འཁྲུངས་སྐར་ཡིན་པ་དང་། ཁོང་ནི་༡༩༩༥ ཕྱི་ཟླ་ལྔ་པ་ནས་གར་སོང་གར་ཁྲིད་ཀྱི་གནས་སྟངས་རྩ་བ་ནས་ཤེས་རྟོགས་མེད་པར་གྱུར་ཡོད་པར་བརྟེན་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་།རྒྱལ་སྤྱིའི་གཞུང་དང་མི་སྒེར་ངོས་ནས་དེ་རིང་རྒྱ་ནག་གཞུང་ལ་པན་ཆེན་རིན་པོ་ཆེ་གང་དུ་ཡོད་པ་དང་།་ཁོང་གི་གནས་སྟངས་ཇི་ལྟར་ཡོད་པ་གསལ་བཏོན་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བའི་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ་ཡིན་།པན་ཆེན་རིན་པོ་ཆེ་ནི་གར་སོང་མེད་པ་གྱུར་ནས་ལོ་ངོ་༢༦་འགྲོ་བཞིན་ཡོད་པ་དང་།་སྤྱི་ཚོགས་ཐོག་གཅིག་ཀྱང་མཇལ་མྱོང་མེད་པ་རེད་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ན་ནིང་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་མཁས་དབང་ལྔ་དང་མཁས་པའི་ལྷན་ཚོགས་ཀྱིས་༢༠༢༠ ལོའི་ཕྱི་ཟླ་བརྒྱད་པའི་ཚེས་༡་ཉིན་།རྒྱ་ནག་གཞུང་ལ་།་པན་ཆེན་རིན་པོ་ཆེ་གང་དུ་ཡོད་པའི་གནས་ཚུལ་ཞིབ་ཕྲ་དང་ཕྲུ་གུའི་ཐོབ་ཐང་ཚོགས་ཆུང་ལ་རང་དབང་གི་རྟོག་ཞིབ་བྱ་རྒྱུའི་ཆེད་དུ་པན་ཆེན་རིན་པོ་ཆེ་མཇལ་འཕྲད་ཞུ་རུ་བཅུག་ཏེ་ཁོང་གི་གནས་སྟངས་ཤེས་རྟོགས་ཡོང་བ་བཟོ་དགོས་པ་དང་།་ཁོང་ལ་ཐོབ་ཐང་རྣམས་ལོངས་སུ་སྤྱོད་རྒྱུ་ཡོད་མེད་ཤེས་རྟོགས་ཐུབ་པ་བཟོ་དགོས་པའི་སྐོར་འབོད་སྐུལ་ཞུས་པ་དེར་རྒྱབ་སྐྱོར་ཞུ་གི་ཡོད་།
དེར་པན་ཆེན་རིན་པོ་ཆེའི་འཁྲུངས་སྐར་གྱི་དུས་སྐབས་དེར་དེང་བོད་ནང་དུ་ཆོས་ལུགས་དང་རིག་གཞུང་ཐོག་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་པ་མ་ཟད་། བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པར་ཉིན་རེའི་འཚོ་བའི་གནས་སྟངས་ཐོག་ལ་གདོང་ལེན་བྱེད་དགོས་པའི་གནས་སྟངས་ཀྱི་ཐོག་ནས་པན་ཆེན་རིན་པོ་ཆེའི་གནས་སྟངས་ཐོག་དམ་དྲག་ཇི་ལྟར་ཡོད་པ་འཚོར་བ་དྲག་པོས་ངོས་འཛིན་ཐུབ་ཀྱི་འདུག
དེ་དང་ཆབས་ཅིག་རྒྱལ་སྤྱིའི་གཞུང་ཁག་དང་གྲོས་ཚོགས་།་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གིས་མུ་མཐུད་ནས་པན་ཆེན་རིན་པོ་ཆེ་གང་དུ་ཡོད་པ་དང་ཁོང་གི་གནས་སྟངས་དང།་ཁོང་གི་ཡབ་ཡུམ་སྐུ་འཁོར་སོགས་ཀྱི་སྐོར་བཅས་ངེས་བརྟན་ཤེས་རྟོག་ཐུབ་པའི་མཉམ་རུབ་ཀྱི་འབད་བརྩོན་གནང་རོགས་ཞུ་རྒྱུ་མ་ཟད་།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་དཔོན་རིགས་ཚོར་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་ཁག་གིས་རེ་སྐུལ་ཞུས་པ་རྣམས་ལ་བཟང་ཕྱོགས་ཀྱི་ལན་འདེབས་བྱ་དགོས་པ་དང་། ཁོང་ལ་རང་དབང་གི་འཚོ་གནས་དང་རྒྱུན་ལྡན་གྱི་མི་ཚེ་བསྐྱལ་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གསལ་བསྒྲགས་ནང་བྲིས་གནང་ཡོད་པ་རེད་།