ཧོ་ཅཱ་ཛ་དྲག་ངང་པེ་ཅིང་གི་སྨན་ཁང་དུ་ལྷག་འདུག

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧོ་ཅཱ་པེ་ཅིང་གི་སྨན་ཁང་ཞིག་གི་ནང་ཛ་དྲག་གིས་སྨན་བཅོས་བྱེད་བཞིན་པ། ༢༠༡༧།༤།༢༩
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧོ་ཅཱ་པེ་ཅིང་གི་སྨན་ཁང་ཞིག་གི་ནང་ཛ་དྲག་གིས་སྨན་བཅོས་བྱེད་བཞིན་པ། ༢༠༡༧།༤།༢༩ (མཐུན་འགྱུར་པར་རིས།)

0:00 / 0:00

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧོ་ཅཱ་པེ་ཅིང་གི་སྨན་ཁང་ཞིག་གི་ནང་ཛ་དྲག་གིས་སྨན་བཅོས་བྱེད་བཞིན་འདུག
ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་Sakharov འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་ཐོབ་གནང་མཁན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་Hu Jia ལ་གཤེར་མར་གཉན་ཁ་རྒྱབ་ནས་པེ་ཅིང་གི་You'anསྨན་ཁང་དུ་ཕྱི་ཟླ་༤ཚེས་༢༩རེས་གཟའ་སྤེན་པའི་ཉིན་ཛ་དྲག་བསྟེན་གཏུག་གིས་ད་ཆ་སྨན་བཅོས་བྱ་བཞིན་འདུག
དེ་ཡང་ལོ་ན་༤༣ཡིན་པའི་Hu Jia ཡིས་འདི་ག་རླུང་འཕྲིན་ཁང་ལ་སྨན་ཁང་ནས་བསྐུར་བའི་བརྙན་པར་ནང་། ཁོང་ལ་གཤེར་མའི་ནད་གཞི་ལྗིད་པོ་བྱུང་ནས་ཁོང་རང་ཉིད་ཀྱིས་ཁ་པར་བཏང་སྟེ། ཛ་དྲག་ནད་བསྐྱེལ་འགྲུལ་འཁོར་སྐད་བཏང་ནས་སྨན་ཁང་དུ་འབྱོར་སྐབས། སྨན་པས་ནད་གཞི་དེ་ཚབས་ཆེ་ཡིན་པ་དང་། སྲོག་ལའང་ཉེན་ཁ་ཡོད་པ་བརྗོད་བྱུང་ཅེས་དང་། ད་ཆ་སྨན་ཁང་ནང་སྨན་བཅོས་བྱ་བཞིན་ཡོད། དྲག་བསྐྱེད་ཡོང་བར་དུས་ཚོད་ཕྲན་བུའི་འགོར་རྒྱུ་ཡིན་ནའང་། རྗེས་སུ་ནད་གཞི་དྲག་པའི་མཚམས་སུ་རྒྱ་ནག་ནང་འགྱུར་བ་འགྲོ་རྒྱུའི་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན་ཞེས་Hu Jia ཡིས་འགྲེལ་བརྗོད་གནང་འདུག
ཧོ་ཅཱ་(Hu Jia) སྨན་ཁང་དུ་ཡོད་པ་གོ་ཐོས་བྱུང་མ་ཐག་Hu ཡི་དེ་སྔོན་གྱི་བཟའ་ཟླ་Zeng Jinyan དང་། ཁོང་གི་བུ་མོ་གཉིས་རེས་གཟའ་ལྷག་པའི་ཉིན་སྨན་ཁང་དུ་ཐུག་འཕྲད་ཆེད་འབྱོར་ཡོད་པ་རེད། ཧོ་ཡི་གྲོགས་པོ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་Qi Zhiyong གིས། ཧོ་ཡི་གཤེར་མར་གཉན་ཁ་རྒྱབ་ནས་ལུས་པོའི་ཚ་བ་འཕར་བ་དང་། འདས་པའི་བདུན་གཅིག་རིང་ཟ་མ་དང་ཆུ་སོགས་གང་ཡང་འཐུང་མ་ཐུབ་པར་ནད་གཞི་ལྗིད་པོ་ཡོད་པ་མ་ཟད། ཧོ་ལ་དུས་རྒྱུན་ནས་མཆིན་པའི་གཉན་ནད་ཀྱང་ཡོད་པས་དྲག་བསྐྱེད་
འགྲོ་བའི་རེ་བ་ཕལ་ཆེར་མེད་པ་ལྟ་བུ་ཆགས་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག། དེ་བཞིན་ཧོ་ཡི་ཕ་མ་གཉིས་ཀྱང་སྨན་ཁང་དུ་འབྱོར་འདུག
ཧོ་ཅཱ་Hu Jia ཐུག་འཕྲད་ལ་ཡོང་མཁན་མི་ཚང་མར་རྒྱ་ནག་གཞུང་གིས་མྱུལ་ཞིབ་བྱེད་བཞིན་ཡོད་པ་ཁོང་གི་གྲོགས་པོ་གཞན་Jiang Jiawen གིས་བརྗོད་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།