བལ་ཡུལ་གཞུང་གི་སྲིད་བྱུས་ལ་གྲོས་ཚོགས་ཀྱི་རྒྱབ་སྐྱོར།

བལ་ཡུལ་གཞུང་གི་སྲིད་བྱུས་དང་ལས་འཆར་སྙན་ཞུ་གྲོས་ཚོགས་སུ་འབུལ་ལམ་ཞུས་པར་གྲོས་ཚོགས་འཐུས་མི་མང་མོས་ཐོག་ནས་བཀའ་འཁྲོལ།

2009.07.12

༄༅༎བལ་ཡུལ་གཞུང་གི་སྲིད་བྱུས་དང་ལས་འཆར་སྙན་ཞུ་གྲོས་ཚོགས་སུ་འབུལ་ལམ་ཞུས་པར་གྲོས་ཚོགས་འཐུས་མི་མང་མོས་ཐོག་ནས་བཀའ་འཁྲོལ་གནང་འདུག

གཞུང་འབྲེལ་གྲོས་འཆར་དེར་གྲོས་ཚོགས་འཐུས་མི་༣༠༥ཡིས་རྒྱབ་སྐྱོར་དང་༢༥༡གིས་འགག་པ་གནང་ཡོད་ཅིང་ཆིག་བསྒྲིལ་མའོ་དམར་ཤོག་ཚོགས་པ་དང་ཨུ་པེན་རྡར་ཡ་རྡལྦ་ཡིས་འགོ་ཁྲིད་འོག་ཁ་བྲལ་དུ་ཕྱིན་པའི་མ་རྡེ་སི་ཇ་ན་རྡི་ཀར་ཕོ་རམ་ཞེས་པའི་གྲོས་ཚོགས་འཐུས་མི་བཅས་ཀྱིས་འགག་པ་བརྒྱབ་ཡོད་པ་རེད། ཡང་བལ་ཡུལ་སྲིད་བློན་མཱ་རྡལྦ་ཀུ་མར་ནེ་པལ་གྱིས་གྲོས་ཚོགས་སུ་འདྲི་བ་བྱུང་བ་རྣམས་ལ་ལན་འདེབས་གནང་བ་དང་སྦྲགས་བལ་གཞུང་གི་རྩ་ཁྲིམས་གསར་བཟོ་དང་ཞི་འགྲིག་ལས་དོན་མཇུག་སྐྱོང་བྱ་རྒྱུ་གཉིས་ནི་གཞུང་གི་ལས་དོན་གལ་འགངས་ཆེ་ཤོས་གཉིས་ཡིན་པར་ངོས་འཛིན་གནང་གི་ཡོད་ལུགས་གསལ་བཤད་གནང་ཡོད་པ་རེད། ལྷག་པར་དུ་ད་ཡོད་སྲིད་གཞུང་སྲིད་དོན་ཚོགས་པ་འདྲ་མིན་ཉི་ཤུ་རྩ་གཉིས་ལས་གྲུབ་པ་ཡིན་པས་གཞུང་གིས་ཚོགས་པ་ཚང་མར་འགན་ཁུར་ལེན་དགོས་ཀྱི་དཀའ་ངལ་ཁག་ལ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བསམ་ཞིབ་གནང་དགོས་པའི་སྐུལ་མ་ཡང་གནང་འདུག གཞུང་འབྲེལ་གྲོས་འཆར་དེར་སྲིད་དོན་ཚོགས་པ་ཆུང་ཁག་ལྔ་ཐུན་མོང་གིས་བསྐྱར་བཅོས་གྲོས་འཆར་ཞིག་འདོན་རྒྱུར་བསམ་ཞིབ་གནང་བཞིན་པ་ཡིན་པ་དང་མའོ་དམར་ཤོག་ཚོགས་པའི་གྲོས་ཚོགས་འཐུས་མིའི་འགོ་ཁྲིད་སྦ་སྦུ་རམ་སྦ་ཏ་རའེ་ཡིས་གཞུང་འབྲེལ་གྲོས་འཆར་དེ་བཞིན་ཁྲིམ་འགལ་ཡིན་ལུགས་གཏམ་བཤད་བྱས་པ་མ་ཟད་ད་ཡོད་ཀྱི་སྲིད་གཞུང་ནི་དམག་མིའི་སྒྲིག་འཛུགས་ཀྱི་སྟོབས་ཤུགས་འོག་གསར་འཛུགས་བྱུང་བ་ཡིན་ལུགས་སོགས་སྐྱོན་བརྗོད་མང་དག་བྱས་རྗེས་མའོ་དམར་ཤོག་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་གྲོས་ཚོགས་སུ་མ་བཞུགས་པར་ཕྱིར་ཐོན་འདུག འོན་ཀྱང་སི་པི་ཨེན་དམར་ཤོག་ཚོགས་པའི་འགོ་ཁྲིད་ཇ་ལ་ནཐ་ཁ་ཀནལ་གྱིས་གཞུང་གི་སྲིད་བྱུས་དང་ལས་འཆར་ཁག་ནི་མི་མང་ལ་ཕན་ནུས་ཡོད་པ་ཞིག་ཡིན་པ་མ་ཟད་ད་ཡོད་སྲིད་གཞུང་ནི་སྲིད་གཞུང་གི་འགོ་ཁྲིད་མཐོ་ཤོས་ཞི་བའི་མི་སྣ་ཡིན་པ་དང་རྩ་ཁྲིམས་ནི་བླ་ན་མེད་པ་ཡིན་པ།ཁྲིམས་ལུགས་དབང་འཛིན་བཅས་མཚོན་གྱི་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎