ཧོང་ཀོང་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ལ་སྔོག་བཤེར་དང་རྩོམ་སྒྲིག་པ་སོགས་འཛིན་བཟུང་།

2021.06.17
ཧོང་ཀོང་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ལ་སྔོག་བཤེར་དང་རྩོམ་སྒྲིག་པ་སོགས་འཛིན་བཟུང་། ཧོང་ཀོང་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ལ་སྔོག་བཤེར་རྩོམ་སྒྲིག་པ་དང་བཅས་འཛིན་བཟུང་སྐབས། ༦།༡༧།༢༡
Apple Daily via AFP

ཧོང་ཀོང་ཉེན་རྟོག་པ་བརྒྱ་ཕྲག་བརྒལ་བས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་སྔོག་བཤེར་དང་མཉམ་རྩོམ་སྒྲིག་པ་ལྔ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཉེན་རྟོག་པ་བརྒྱ་ཕྲག་བརྒལ་བས། འདི་ཚེས་༡༧་རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་ལས་ཁུངས་གཙོས་རྩོམ་སྒྲིག་པ་ཚོའི་ཁྱིམ་བཅས་སུ་གློ་བུར་སྔོག་བཤེར་བྱས་པ་དང་། གསར་ཁང་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་རྩོམ་སྒྲིག་འགན་ཁུར་བ་བཅས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་འགལ་ནས་གསར་ཁང་དེས་ཕྱིའི་རྒྱལ་ཁབ་དང་ངན་པ་ལག་འབྲེལ་བྱས་པའི་དོགས་གཞི་ཡོད་ཚུལ་བཤད་འདུག
ད་དུང་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཉེན་རྟོག་པས། གོང་གི་ཚགས་པར་ཁང་ལ་དབང་བའི་ཨ་སྒོར་ས་ཡ་གཉིས་དང་གྲངས་ཆུང་༣༢་ཙམ་ཡོད་པ་དངུལ་ཁང་ནས་བཏོན་མི་ཐུབ་པ་བཟོས་ཡོད་པའི་ཁར་ཚགས་པར་ཁང་དེའི་མ་རྐང་དེ་བཞིན་ཧོང་ཀོང་གི་ཧང་སིན་མ་རྐང་ཁྲོམ་རྭའི་ནང་འགྲོ་རྒྱུགས་བྱེད་པར་བཀག་འགོག་བྱས་ཡོད་པ་རེད་འདུག

apple.jpeg
ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་རྣམ་འཛིན་བཟུང་བྱས་དོན་གྱི་སྐོར་ལ་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་འགོ་ཁྲིད་(SteveLi)་ཞུས་བས་བརྗོད་པར་གཞིགས་ན། ཚགས་པར་ཁང་དེ་སྔོག་བཤེར་བྱེད་དགོས་པའི་རྒྱུ་མཚན་འགའ་ཡོད་པ་དང་། ཚགས་པར་ཁང་དེས་འདས་བའི་ནང་རྒྱ་ཡིག་དང་དབྱིན་ཡིག་གི་ཐོག་ནས་དྲ་ལམ་དུ་རྩོམ་ཡིག་འདྲ་མིན་སྤེལ་ཡོད་པ་དེ་དག་གི་ནང་། ཧོང་ཀོང་ནང་སྲིད་དོན་གྱི་ལྟ་བ་ཐ་དད་འཛིན་མཁན་དག་ལ་ཉེས་རྡུང་གཏོང་བཞིན་པར་ཡ་ལན་སློག་ཆེད་ཕྱིའི་རྒྱལ་ཁབ་ཁག་ནས་ཧོང་ཀོང་དང་། རྒྱ་ནག་གཞུང་ལ་ཕྱོགས་འདྲ་མིན་ནས་ཉེས་ཆད་བཀག་སྡོམ་ལག་བསྟར་བྱ་རྒྱུར་འབོད་སྐུལ་བྱས་པར་བསྙད་ནས་གོང་བརྗོད་རྩོམ་སྒྲིག་པ་རྣམས་འཛིན་བཟུང་བྱས་པ་ལུགས་ཡིན་ལུགས་བརྗོད་འདུག
གནས་ཚུལ་ལྟར་ན། ད་རེས་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་སྔོག་བཤེར་དང་འཛིན་བཟུང་ཁྲོད་ཉེན་རྟོག་པ་༥༠༠་ལྷག་མཉམ་ཞུགས་བྱས་ཡོད་པ་དང་། ཉེན་རྟོག་པ་༢༠༠་ཙམ་གྱིས་ཚགས་པར་ཁང་དེ་སྔོག་བཤེར་བྱས་ཡོད་འདུག
ཀུ་ཤུ་ཉིན་རེའིི་ཚགས་པར་ཁང་ནི་དེ་སྔ་༡༩༩༥་ལོར་ཧོང་ཀོང་གི་ཕྱུག་བདག་ཇི་མི་ལའེ་(Jimmy Lai)་ཡིས་གསར་འཛུགས་གནང་བ་དང་། ཁོང་ནི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་སྣེ་ཁྲིད་པ་དང་། རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་ཞིང་། ཁོང་གིས་ཕྱིའི་རྒྱལ་ཁབ་དང་ངན་འབྲེལ་བྱས་པ་དང་། ཁྲིམས་མཐུན་མ་ཡིན་པའི་འདུ་འཛོམས་ནང་ཞུགས་པ་སོགས་ཀྱི་ཉེས་འཛུགས་འོག་ལོ་སྔོན་མའི་ཟླ་༨་པའི་ནང་ཧོང་ཀོང་གི་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎