ཧོང་ཀོང་གི་གནད་དོན་ཐད་ཨ་མི་རི་ཀས་དོ་སྣང་གིས་ལན་འདེབས་ནན་མོ་བྱེད་རྒྱུ་ཡིན་ཟེར།


2020.05.27
ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་(Donald Trump)་ལགས། ༢༠༢༠།༥།༢༢ ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་(Donald Trump)་ལགས། ༢༠༢༠།༥།༢༢
AP

རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཐོག་འཛིན་པའི་སྲིད་བྱུས་ཐད་ཨ་མི་རི་ཀས་གདོང་ལེན་དང་ལན་འདེབས་ནན་མོ་གནང་རྒྱུ་ཡིན་པ་ཨ་མི་རི་ཀའི་སྲིད་འཛིན་གྱིས་གསལ་སྟོན་བྱས་འདུག
ཉིན་འདི་གར་རྒྱ་ནག་ནང་སྐོང་ཚོགས་བྱེད་བཞིན་པའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད། འདི་ཚེས་༢༨་རེས་གཟའ་ཕུར་བུའི་ཉིན། ཧོང་ཀོང་གི་བདེ་འཇགས་ཐོག་ཁྲིམས་འཆར་གསར་པ་ཞིག་བཏོན་ཡོད་པ་དེ་གཏན་འབེབས་ཡོང་ཐབས་བྱེད་བཞིན་པ་དེ་ནི་རྒྱ་ནག་གིས་ཧོང་ཀོང་ཐོག་སྟངས་འཛིན་ཆེད་དང་ཧོང་ཀོང་གི་ཁྲིམས་མཐུན་གྱི་གནས་བབས་ཞན་དུ་གཏོང་བཞིན་པ་ཞིག་ཡིན་པས་ཨ་མི་རི་ཀས་ཁྲིམས་མཐུན་གྱི་ཐོག་ནས་དེའི་ཐད་གདོང་ལེན་དང་ལན་འདེབས་ནན་མོ་གནང་རྒྱུ་ཡིན་པ་གསལ་སྟོན་གནང་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་(Donald Trump)་ལགས་ཀྱིས། འདི་ཚེས་༢༦་ཉིན་གཟའ་མིག་དམར་ཉིན། སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་སྐོང་ཚོགས་གནང་བའི་གསར་འགོད་ལྷན་ཚོགས་ཐོག གསར་འགོད་པའི་དྲི་བ་ལྟར། གལ་ཏེ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདེ་འཇག་ཐོག་ཁྲིམས་འཆར་གསར་པ་བཏོན་པ་དེ་དག་ཐག་གཅོད་བྱུང་བ་ཡིན་ན། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ནས་ཨ་མི་རི་ཀའི་ནང་སློབ་སྦྱོང་བྱེད་དུ་ཡོང་མཁན་གྱི་སློབ་ཕྲུག་དང་། དེ་མིན་ཉམས་ཞིབ་པ་ཚོའི་མཐོང་མཆན་ཐད་དམ་བསྒྲགས་གནང་དགོས་མིན་སོགས། གནད་དོན་དེའི་ཐད་ངེས་བར་གདོང་ལེན་བྱེད་རྒྱུ་ཡིན་པ་མ་ཟད། གནས་སྟངས་ལ་གཞིགས། ཉིན་གྲངས་འགའ་ཤས་ཀྱི་རྗེས་སུ་གདོང་ལེན་བྱེད་ཕྱོགས་སོགས་གསལ་བོ་ཞུ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།
གསར་འགོད་ལྷན་ཚོགས་ཐོག་སྲིད་འཛིན་(Trump)་ལགས་ཀྱིས་གནས་ཚུལ་ཞིབ་ཕྲ་གསལ་བཤད་གནང་མེད་ན་ཡང་། བདུན་ཕྲག་འདིའི་འགོར་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ལྕམ་(kayleigh  McEnany)་ཡིས། རྒྱ་ནག་གཞུང་གིས་མི་དམངས་ཚོགས་ཆེན་བརྒྱུད་ཧོང་ཀོང་གི་བདེ་འཇགས་ཐོག་ཁྲིམས་འཆར་གསར་པ་བཏོན་ཐབས་བྱེད་བཞིན་པའི་འཆར་གཞི་དེར་སྲིད་འཛིན་(Trump)་གྱིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་པ་གསལ་སྟོན་གནང་ཡོད།
དེ་བཞིན་འདི་ཚེས་༢༧་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཁུ་ཕེམ་པོའུ་(Michael Pompeo)་ལགས་ཀྱིས། རྒྱ་ནག་གི་བཙན་དབང་དང་སྟངས་འཛིན་གྱི་འོག དངོས་ཡོད་གནས་སྟངས་ལ་བལྟས་བ་ཡིན་ན། ད་ཆ་ཧོང་ཀོང་ནང་སྔོན་མའི་ཁྲིམས་མཐུན་གྱི་རང་སྐྱོང་གི་ཐོབ་ཐང་མི་འདུག དེ་བས་ཨ་མི་རི་ཀས་ཧོང་ཀོང་མི་དམངས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་ཨ་མི་རི་ཀའི་གྲོས་ཚོགས་ལ་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎