ཨ་རི་དང་རྒྱ་ནག་མཉམ་དུ་གློག་བརྙན་བཟོ་བསྒྲིཌ
2011.08.15
༄༅༎ཨ་མ་རི་ཀའི་ཧོ་ལི་ལྦུདྲ་གློག་བརྙན་བཟོ་ཚོང་ལས་ཁང་དང་རྒྱ་ནག་གི་གློག་བརྙན་བཟོ་ཚོང་ལས་ཁང་བར་མཉམ་འབྲེལ་ཐོག་གློག་བརྙན་ཁག་ཅིག་བཟོ་རྒྱུའི་འཆར་གཞི་ཡོད་པ་རེད་ ཨ་མི་རི་ཀའི་ཧོ་ལི་ལྦུདྲ་གློག་བརྙན་བཟོ་ཚོང་ལས་ཁང་རེ་ལེ་ཀྲི་ལྦི་ཀྲི་ཞེས་པའི་གློག་བརྙན་བཟོ་ཚོང་ལས་ཁང་དེས་རྒྱ་ནག་གི་གློག་བརྙན་བཟོ་ཚོང་ལས་ཁང་གཉིས་དང་མཉམ་འབྲེལ་གནང་ནས་རྒྱ་མིའི་གློག་བརྙན་ཁག་ཅིག་བཟོས་ནས་རྒྱ་ནག་ནང་དང་འཛམ་གླིང་ཐོག་ཚོང་འགྲེམས་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད་
གོང་ཞུས་ཨ་རིའི་གློག་བརྙན་བཟོ་བསྐྲུན་ལས་ཁང་དེ་དང་རྒྱ་ནག་གི་SAIF Partnersཞེས་པ་དང་IDG Chinaཞེས་པའི་གློག་བརྙན་བཟོ་བསྐྲུན་ལས་གཉིས་བར་མཉམ་འབྲེལ་གནང་རྒྱུའི་འཆར་གཞི་ཡོད་པ་རེད་ གོང་ཞུས་ཨ་མི་རི་ཀའི་རེ་ལེ་ཀྲི་ལྦི་ཀྲི་ཞེས་པའི་གློག་བརྙན་བཟོ་བསྐྲུན་ལས་ཁང་དེས་རྒྱ་ནག་གི་གློག་བརྙན་བཟོ་བསྐྲུན་ལས་ཁང་དེ་དག་མཉམ་གཉེར་བའི་Skylandཞེས་པའི་བཟོ་ཚོང་ལས་ཁང་དེ་བརྒྱུད་ནས་རྒྱ་ནག་ནང་གློག་བརྙན་ཁག་འགྲེམས་སྤེལ་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད་ དེ་མ་ཚད་གོང་ཞུས་Skylandཞེས་པའི་བཟོ་ཚོང་ལས་ཁང་དེས་རྒྱ་ནག་ནང་གློག་བརྙན་དང་བརྙན་འཕྲིན་ཡང་བཟོ་རྒྱུའི་ཐོག་དངུལ་གྱི་མ་རྩ་བཙུཌ་ཡོད་པ་རེད་ གོང་ཞུས་ཨ་རི་དང་རྒྱ་ནག་གི་གློག་བརྙན་བཟོ་ཚོང་ལས་ཁག་དེ་དག་གིས་རྒྱ་མིའི་ལོ་རྒྱུས་ཀྱི་གློག་བརྙན་ཁག་ཅིག་བཟོས་ནས་འཛམ་གླིང་གི་ས་ཕྱོགས་གང་སར་སྟོན་རྒྱུའི་འཆར་གཞི་ཡོད་པ་རེད་ གོང་ཞུས་གློག་བརྙན་བཟོ་ཚོང་ཁང་དེ་དག་ཐུ་མོང་ཐོག་གཉེར་བའི་Skylandཞེས་པའི་ཚོང་ལས་་ཀྱི་སྡེ་ཚན་དེས་ཉེ་ལམ་ Snow Flower and Secret Fanཞེས་པའི་རྒྱ་མི་དང་འབྲེལ་བའི་གློག་བརྙན་དེ་བཟོ་འདོན་བྱས་ཡོད་པ་རེད་ ཡང་གོང་ཞུས་ཨ་མི་རི་ཀའི་ཧོ་ལི་ལྦུདྲ་གྱི་རེ་ལེ་ཀྲི་ལྦི་ཀྲི་ཞེས་པའི་གློག་བརྙན་བཟོ་ཚོང་ལས་ཁང་དེས་Bridemaidsཞེས་པ་དང་Limitlessཞེས་པ་སོགས་ད་བར་ཨ་མི་རི་ཀའི་ནང་གློག་བརྙན་གྲངས་འདྲ་མིན་ ༢༠༠ སྐོར་ཞིག་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག