ཧོང་ཀོང་གིས་དེབ་ཚོང་བར་སྲུང་སྐྱོབ་དང་ལེན་བྱས་འདུག


2016.07.06
ཧོང་ཀོང་གི་དེབ་ཚོང་ཁང་གི་ལས་བྱེད་Lam Wing-keeལགས། ༢༠༡༦།༦།༡༦ ཧོང་ཀོང་གི་དེབ་ཚོང་ཁང་གི་ལས་བྱེད་Lam Wing-keeལགས། ༢༠༡༦།༦།༡༦
AFP

ཟླ་བ་བརྒྱད་ཙམ་རིང་རྒྱ་ནག་གིས་བཀག་ཉར་བྱས་རྗེས་གློད་བཀྲོལ་བྱུང་བའི་ཧོང་ཀོང་དེབ་ཚོང་ཁང་གི་ལས་བྱེད་ལ་བསྐྱར་དུ་རྒྱ་ནག་གིས་ཉེན་བརྡ་བཏང་བར་བརྟེན། དེ་རིང་ཧོང་ཀོང་གི་ཉེན་རྟོག་པས་ཁོ་པར་སྲུང་སྐྱོབ་བྱ་རྒྱུའི་དང་ལེན་གནང་འདུག
དེ་ཡང་ཧོང་ཀོང་གི་དེབ་ཚོང་ཁང་གི་ལས་བྱེད་Lam Wing-kee་རྒྱ་ནག་གིས་ས་མཚམས་ནས་འཛིན་བཟུང་བྱས་ནས། རྒྱ་ནག་ནང་ཁྲིད་དེ་ཟླ་བ་བརྒྱད་ཙམ་རིང་བཀག་ཉར་བྱས་ཡོད་པ་དང་། དུས་ཡུན་དེའི་རིང་ཁོ་པར་ཁྲིམས་རྩོད་པ་སོགས་དང་འབྲེལ་བ་བྱེད་དུ་བཅུག་མེད་པ་རེད། རྒྱ་ནག་གིས་འཛིན་བཟུང་བྱེད་དགོས་དོན་ནི། རྒྱ་ནག་ནང་ཚོང་མི་ཆོག་པའི་དེབ་རྒྱ་ནག་ནང་ཚོང་ཐབས་བྱས་པའི་ཆ་ནས་འཛིན་བཟུང་བྱས་པ་ཞིག་ཡིན་ལུགས་བཤད་ཀྱི་ཡོད་པ་རེད།
རྒྱ་ནག་གིས་Lam Wing-kee་གློད་དཀྲོལ་བཏང་སྐབས་ཆ་རྐྱེན་བཞག་པའི་ནང་དོན་དང་འགལ་བའི་ལས་ཀ་བྱེད་ཀྱི་ཡོད་ལུགས་བཤད་ནས་ཉེན་བརྡ་བཏང་ཡོད་འདུག
ལོ་ན་༦༡་ལ་སོན་པའི་ཧོང་ཀོང་དེབ་ཚོང་ཁང་གི་ལས་བྱེད་Lam Wing-kee་ནི། སྔ་ལོ་ཡ་མཚན་ཆེན་པོའི་ཐོག་ནས་གར་སོང་ཆ་མེད་དུ་གྱུར་པའི་ཧོང་ཀོང་དེབ་ཚོང་ཁང་གི་ལས་བྱེད་ལྔ་ནས་གཅིག་ཡིན་པ་དང་། ཟླ་བ་མང་པོའི་རྗེས་སུ་ཁོང་རྣམས་རྒྱ་ནག་གི་བཙོན་ཁང་ནང་ཡོད་པ་ཤེས་རྟོགས་བྱུང་ཡོད་སྟབས། ཧོང་ཀོང་མི་མང་ཚོས་རྒྱ་ནག་གིས་ཧོང་ཀོང་ཐོག་དམ་འཛིན་བྱ་ཤུགས་ཆེ་རུ་འགྲོ་བཞིན་པའི་བློ་འཚབ་བྱེད་བཞིན་ཡིན་འདུག Lam Wing-kee གློད་བཀྲོལ་བྱུང་ནས་ཧོང་ཀོང་དུ་ཕྱིར་ལོག་བྱུང་བའི་རྗེས་སུའང་ཁོ་པས་ཁོང་རང་གི་སྲོག་ལ་ཉེན་ཁ་ཡོད་པའི་ཞེད་སྣང་བྱེད་བཞིན་ཡིན་པ་དང་། དེའི་དབར་རྒྱ་ནག་གི་གསང་མྱུལ་བས་ཧོང་ཀོང་གི་དེབ་ཚོང་ཁང་གཞན་ཞིག་གི་ལས་བྱེད་ཧོང་ཀོང་ནས་རྒྱ་ནག་ནང་བཙན་ཁྲིད་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། ཧོང་ཀོང་གི་ཉེན་རྟོག་པའི་སྤྱི་ཁྱབ་གཞོན་པ་Tony Wong་ལགས་ཀྱིས། གལ་སྲིད་Lam Wing-kee་ཁོང་རང་ལ་འདོད་པ་ཡོད་ན་ང་ཚོས་ཁོང་ལ་སྲུང་སྐྱོབ་ཀྱི་མཐུན་རྐྱེན་གནང་རྒྱུ་ཡིན་ཞེས་ཚེས་༦ཉིན་གསུངས་འདུག

གསར་འགོད་པ་ཚེ་རིང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎