བྱམས་བརྩེ་དང་ཞི་བདེའི་དུས་རབས་ཤིག་བཟོ་དགོས།

༧གོང་ས་མཆོག་གིས་ཁ་སང་ཚེས་༡༧ཉིན་རོཌ་ཨ་ཡེ་ལན་ཌའི་མངའ་སྡེའི་ནང་མང་ཚོགས་ལྔ་སྟོང་ལྷག་ཙམ་ལ་བཀའ་སློབ་གནང་སྐབས། བྱམས་བརྩེ་དང་ཞི་བདེའི་དུས་རབས་ཤིག་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་གནང་འདུག

2012.10.18

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་ཤར་ཕྱོགས་མངའ་ཁུལ་ཁག་ཅིག་གི་ནང་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ནས་ཁ་སང་ཚེས་༡༧ཉིན་རོཌ་ཨ་ཡེ་ལན་ཌའི་Rhode Islandམངའ་སྡེའི་ནང་མང་ཚོགས་ལྔ་སྟོང་ལྷག་ཙམ་ལ་བཀའ་སློབ་གནང་ཡོད་པ་རེད། བཀའ་སློབ་གོ་སྒྲིག་ཞུ་མཁན་ཁུལ་དེའི་ནང་གི་སྙན་གྲགས་ཆེ་བའི་བྷ་ར་ཝུན་Brownགཙུག་ལག་སློབ་གྲྭ་ཆེན་མོ་ཡིན་པ་རེད། མང་ཚོགས་ལ་བཀའ་སློབ་གནང་བའི་ནང་དོན་གཙོ་བོར། ང་ཚོ་ཚང་མ་སའི་གོ་ལ་འདིའི་མི་སེར་ཡིན་པ་དང་། ཚང་མས་རང་ཉིད་བདེ་བ་འདོད་ཀྱི་ཡོད་པ་ནང་བཞིན།    མི་གཞན་ཡང་བདེ་བ་འདོད་པ་གཅིག་མཚུངས་ཡིན་པ་ཤེས་པ་བྱེད་དགོས་པ་དང་། སོ་སོ་དང་སོ་སོའི་ཁྱིམ་ཚང་། སོ་སོའི་སྤྱི་ཚོགས། སོ་སོའི་རྒྱལ་ཁབ་ཟེར་ནས་བསམ་བློ་གུ་དྭོགས་པོ་མ་ཡིན་པར་འཛམ་གླིང་སྤྱིའི་བདེ་བ་སྡུག་བསྔལ་ལ་བསམ་ཤེས་བྱེད་དགོས་པ་དང་། ལྷག་པར་དུ་གཞོན་སྐྱེས་ཚོས་དེ་བས་དེའི་ཐོག་འགྱུར་བ་གཏོང་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་གནང་འདུག    ༧གོང་ས་མཆོག་ནས་མུ་མཐུད།    གང་ལྟར་དུས་རབས་འདི་བཞིན་བྱམས་བརྩེ་དང་ཞི་བདེའི་དུས་རབས་ཤིག་བཟོ་ཐབས་བྱེད་ནས་དབུལ་ཕྱུག་གི་ཁྱད་པར་ཆུང་དུ་གཏོང་ཐབས་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཡང་ང་ཚོའི་ལས་འགན་ལ་བརྩི་དགོས་སྐོར་བཀའ་གནང་ཡོད་འདུག


ཡང་༧གོང་ས་མཆོག་གིས་མུ་མཐུད་ནས་གསུངས་དོན། མི་ཚེ་བདེ་སྐྱིད་ལྡན་པ་དང་ཀུན་སྤྱོད་ཡག་པོ་ཡོང་བ་བྱེད་པ་ལ་དམིགས་བསལ་ཆོས་ཉམས་ལེན་བྱེད་དགོས་ཡག་ཡོད་མ་རེད། དེ་བཞིན་ཆོས་ལུགས་རིས་མེད་ཀྱིས་སོ་སོའི་ཆོས་ལུགས་མིན་པར་གཞན་གྱི་ཆོས་ལུགས་ལའང་གུས་ཞབས་བྱེད་དགོས་པའི་ལམ་སྟོན་ཡང་གནང་འདུག བཀའ་སློབ་ཉན་མཁན་ཁོངས་ནས་ལོ་ན་བཅུ་དྲུག་ཡིན་པའི་སློབ་ཕྲུག་ཞིག་ནས། ༧གོང་ས་མཆོག་གི་བཀའ་སློབ་ཉན་པ་ཐེངས་དང་པོ་དེ་ཡིན་སྐོར་ངོ་སྤྲོད་དང་འབྲེལ།    ༧གོང་ས་མཆོག་གིས་ཞི་བདེ་དང་གཞན་ཕན་གྱི་བསམ་བློ་གཏོང་དགོས་ལུགས་བཀའ་གནང་བ་དེས་ཧ་ཅང་སེམས་འགུལ་ཐེབས་ཡོད་པ་དང་། མི་ཚང་མས་ཁོང་གི་ལམ་སྟོན་གནང་བ་དེ་དག་ལ་ལག་ལེན་འཁེལ་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་ཡོང་གི་རེད་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎