༸གོང་ས་མཆོག་ནའེ་ཇེ་རི་ཡ་རྒྱལ་ཁབ་དུ་ཆིབས་བསྒྱུར་གནང་རྒྱུ།

༸གོང་ས་མཆོག་གླིང་ཆེན་ཨཕ་རི་ཀའི་ནུབ་ངོས་རྒྱལ་ཁབ་ནའེ་ཇེ་རི་ཡའི་ནང་ཟླ་བ་འདིའི་ཚེས་ཉི་ཤུ་དྲུག་ནས་ཉི་ཤུ་བརྒྱད་བར་ཆིབས་བསྒྱུར་གནང་རྒྱུ།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གླིང་ཆེན་ཨཕ་རི་ཀའི་ནུབ་ངོས་རྒྱལ་ཁབ་ནའེ་ཇེ་རི་ཡའི་ནང་ཟླ་བ་འདིའི་ཚེས་ཉི་ཤུ་དྲུག་ནས་ཉི་ཤུ་བརྒྱད་བར་ཆིབས་བསྒྱུར་གནང་གཏན་འཁེལ་འདུག་པ་དང་༸གོང་ས་མཆགོ་ནས་ཁུལ་དེར་འཇིག་རྟེན་བྱེད་པོའི་རྣམ་བཞག་ཡོངས་སུ་ཁྱབ་པའི་རང་བཞིན།སློབ་དཔོན་གྲགས་ཅན་གྱི་བསླབ་བྱའི་ནང་གི་མཐུན་ཆའི་གོ་དོན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་ཆོས་ལུགས་འདྲ་མིན་གྱི་དབུ་འཁྲིད་རྣམ་པའི་ལྷན་ཚོགས་ཤིག་གི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གནང་རྒྱུ་ཡིན་པའི་གནས་ཚུལ་དེའི་སྐོར་འབྲེལ་ཡོད་ལྷོ་ཨཕ་རི་ཀའི་ནང་གི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ལ་གནས་འདྲི་ཞུས་པ་རེད།