༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཧུན་སུར་དུ་ཆིབས་བསྒྱུར།

༧གོང་ས་མཆོག་ཕྱི་ཟླ་༡༢པའི་འགོ་སྟོད་དུ་རྒྱ་གར་ལྷོ་ཕྱོགས་ཧུན་སུར་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་བསྐྱང་གནང་གི་ཡོད་པའི་སྐོར།

2011.11.22

༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་༧ ནས་སོག་ཡུལ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཕྱི་ཟླ་༡༢ པའི་འགོ་སྟོད་དུ་རྒྱ་གར་ལྷོ་ཕྱོགས་ཧུན་སུར་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་བསྐྱང་གནང་གི་ཡོད་པའི་སྐོར་ལ་དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཆགས་པའི་བརྒྱུད་སྨད་གྲ་ཚང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། བཀའ་བཞེས་བཟང་པོ་ཐོབ་ཏེ། རིང་མིན་ཕྱི་ཟླ་༡༢ པའི་ཚེས་༤ ཉིན་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཆིབས་བསྒྱུར་གྱིས། ཕྱི་ཚེས་༥ ནས་དང་༦ ཉིན་གཉིས་རིང་དཔལ་གསང་བ་འདུས་པའི་རིགས་ལྔའི་འགྲེལ་བའི་བཀའ་ཆོས་སྩལ་རྒྱུ་དང༌། དེ་ཡང་ཉིན་དེའི་སྔ་དྲོའི་ཕྱག་ཚོད་༩ པ་ནས་ཕྱེད་ཡོལ་ཕྱག་ཚོད་༣ བར་བཀའ་ཆོས་སྕལ་གནང་རྒྱུ་ཡིན་ཞིང༌། དེ་ནས་ཕྱི་ཚེས་༧ ཉིན་གྱི་སྔ་དྲོའི་ཕྱག་ཚོད་༩ པའི་ཐོག་མགོན་པོ་གང་ཉིད་ལ་བརྟན་བཞུགས་འདེབས་འབུལ་ཞུ་རྒྱུ་དང༌། དེ་རྗེས་ཕྱེད་ཡོལ་ཕྱག་ཚོས་༡ པོའི་ཐོག་བརྒྱུད་སྨད་གྲ་ཚང་གི་རིག་གནས་སློབ་གྲ་དབུ་འབྱེད་དང་རབས་གནས། བཀའ་སློབ་བཅས་གནང་རྒྱུའི་མཛད་འཆར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎