སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་རུ་ཡོད་པའི་ཇོ་ཁང་དང་ཡེ་ཤུའི་ལྷ་ཁང་། ཁ་ཆེའི་ཕྱག་ཁང་བཅས་ལ་ཆིབས་བསྒྱུར་གནང་ཡོད་པ།

2022.07.23
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་རུ་ཡོད་པའི་ཇོ་ཁང་དང་ཡེ་ཤུའི་ལྷ་ཁང་། ཁ་ཆེའི་ཕྱག་ཁང་བཅས་ལ་ཆིབས་བསྒྱུར་གནང་ཡོད་པ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རིང་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་གསུམ་གཟའ་སྤེན་པའི་སྔ་དྲོ་ལ་དྭགས་གླེ་རུ་ཡོད་པའི་ནང་པའི་ཇོ་ཁང་དང་ཡེ་ཤུའི་ལྷ་ཁང་། ཁ་ཆེའི་ཕྱག་འཚལ་ཁང་བཅས་པར་གནས་གཟིགས་སུ་ཆིབས་བསྒྱུར་གནང་འདུག
དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རིང་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་གསུམ་གཟའ་སྤེན་པའི་སྔ་དྲོ་ལ་དྭགས་གླེ་རུ་ཡོད་པའི་ནང་པའི་ཇོ་ཁང་དང་ཡེ་ཤུའི་ལྷ་ཁང་། ཁ་ཆེའི་ཕྱག་འཚལ་ཁང་བཅས་པར་གནས་གཟིགས་སུ་ཆིབས་བསྒྱུར་གནང་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇོ་ཁང་ལ་ཆིབས་བསྒྱུར་སྐབས་མགོན་པོ་གང་ཉིད་སླར་ཡང་ལ་དྭགས་སུ་ཆིབས་བསྒྱུར་གནང་ཐུབ་པ་དང་མང་ཚོགས་ཀྱི་དད་གུས་ཞུ་སྟངས་ལ་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་གནང་བ་དང་ཆབས་ཅིག་ནང་པའི་བསྟན་པ་ཟེར་དུས་ཁ་འདོན་བྱེད་པ་གཅིག་པུ་མ་ཡིན་པར་ནང་ཆོས་ལ་བསླབ་པ་སློབ་གཉེར་དང་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དེ་སྔ་ནས་ཧི་མ་ལ་ཡའི་རི་རྒྱུད་མི་མང་ཚོར་བཀའ་སློབ་གནང་གི་ཡོད་ཅེས་བཀའ་གནང་འདུག
དེ་དང་ཕྱོགས་མཚུངས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཆེའི་ཕྱག་འཚལ་ཁང་ཁག་གཉིས་ཙམ་ནང་གནས་གཟིགས་ཕེབས་ཡོད་པའི་སྐབས་དེར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མི་འདྲ་བའི་དབར་མཐུན་སྒྲིལ་དམ་ཟབ་དགོས་རྒྱུ་གལ་ཆེན་པོ་རེད་ལ་མགོན་པོ་གང་ཉིད་ཀྱི་དགོངས་གཞི་གཅིག་ནི་ཆོས་ལུགས་ཕན་ཚུན་དབར་མཐུན་བསྒྲིལ་ཡོང་ཐབས་སུ་འབད་བརྩོན་གནང་གི་ཡོད་ཅེས་བཀའ་གནང་བ་དང་ཆབས་ཅིག་ཆོས་ལུགས་དང་ཆོས་རྒྱུད་མི་འདྲ་བའི་དབར་འཁོན་འཛིན་དང་བསད་རེས་བྱེད་པའི་གནས་ཚུལ་རྣམས་ཧ་ཅང་ཐབས་སྡུག་རེད་ཅེས་བཀའ་གནང་སྟེ་ཆོས་ལུགས་མཐུན་སྒྲིལ་དམ་ཟབ་དགོས་པའི་བཀའ་སློབ་གནང་འདུག
ཡང་གླེ་རུ་ཡོད་པའི་ཡེ་ཤུའི་ལྷ་ཁང་ལ་ཆིབས་བསྒྱུར་གནང་སྐབས་ཐོག་མར་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་བསྟོད་གླུ་ཕུལ་བ་དང་དེ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པའི་ནང་འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་སྐྱེས་འཆི་རང་བཞིན་གཅིག་མཚུངས་ཡིན་པ་དང་། འགྲོ་བ་མིའི་རིགས་ལ་ད་ལྟའི་དུས་ཚོད་འདིར་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་དུས་ཚོད་འདིར་ཕན་ཚུན་སྤུན་ཉེའི་འདུ་ཤེས་བཟུང་སྟེ་གཅིག་ཕན་གཅིག་རོགས་བྱེད་དགོས་ལུགས་གསུངས་པ་དང་འབྲེལ་རྒྱ་གར་རྒྱལ་ཁབ་འདི་བཞིན་ཆོས་ལུགས་དང་མི་རིགས་འདྲ་མིན་ཡོད་མིན་ལ་མ་ལྟོས་པར་ཆུང་ཙག་རིགས་མ་གཏོགས་གཏན་ལྷིང་ཡོད་པ་བཅས་ལ་བརྟེན་མགོན་པོ་གང་ཉིད་ཀྱང་སྐུ་ཚེ་བདེ་སྐྱིད་ངང་འཚོ་ཞིང་ཡོད་ཅེས་གསུངས་འདུག དེ་དང་ཕྱོགས་མཚུངས་འཛམ་གླིང་ནང་ཚ་དྲོད་ཆེ་རུ་འགྲོ་བའི་དཀའ་ངལ་ལ་གདོང་ལེན་དང་བཅོས་ཐབས་ཀྱི་ལས་འགུལ་སྤེལ་དགོས་པའི་སྐོར་ཡང་བཀའ་གནང་འདུག།
གསར་འགོད་པ། ཪིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎