༸གོང་ས་མཆོག་ནས་བོད་ཀྱི་གནས་སྟངས་སྐོར་བཀའ་གནང་བ།

༸གོང་ས་མཆོག་གིས་ཨེ་ཤི་རང་དབང་རླུང་འཕྲིན་ཁང་དུ་གཟིགས་སྐོར་ཆིབས་བསྒྱུར་དང་རྒྱ་སྐད་སྡེ་ཚན་ནས་བཅར་འདྲི་དང་ལན་ཞུས་ཡོད་པ།

2011.07.12

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེང་སང་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་བཞིན་ཡོད་པའི་དུས་ཚོད་དང་བསྟུནཁ་ས་རེས་གཟའ་ཟླ་བའི་ཉིན་འདི་ག་ཨེ་ཤ་རང་དབང་རླུང་འཕྲིན་ཁང་དུ་གཟིགས་སྐོར་ཆིབས་བསྒྱུར་གནང་བ་མ་ཟད་འདི་གའི་རྒྱ་སྐད་སྡེ་ཚན་ནས་བཅར་འདྲི་དང་ལན་ཞུས་ཡོད་པ་རེད།

བཅར་འདྲི་ཞུས་པའི་ཁོངས་སུ། བོད་ཀྱི་གནས་སྟངས་འདི་མུར་ལུས་པ་ཡིན་ན་གནས་ཚུལ་ག་འདྲ་ཞིག་ཆགས་ཀྱི་རེད་དགོངས་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ལོ་ངོ་དྲུག་བཅུའི་རིང་རྒྱ་ནག་གི་འགོ་འཁྲིད་རིམ་པ་བྱུང་ཡོད་པ་དང་། རྒྱ་ནག་གི་རྩ་ཁྲིམས་དང་ལམ་ལུགས་ལ་འགྱུར་བ་གང་ཡང་ཕྱིན་མེད་ཀྱང་འགོ་འཁྲིད་སོ་སོའི་ཐོག་ནས་དུས་ཚོད་དང་བསྟུན་ནས་འགྱུར་བ་བཏང་ཡོད་རེད། དཔེར་ན། ཏིང་ཤའོ་ཕིང་སྐབས་དཔལ་འབྱོར་གྱི་བཅོས་བསྒྱུར་བཏང་ཡོད་པ་དང་།དེ་དང་ཕྱོགས་མཚུངས་ཅང་ཛེ་མིན་སྐབས་བཅོས་བསྒྱུར་གསུམ་ཟེར་བ། ད་ཆ་སྲིད་བློན་ཝན་ཇ་བྷ་འོས་མང་གཙོའི་བཅོས་བསྒྱུར་གཏོང་དགོས་ལུགས་ཡང་ནས་ཡང་དུ་གསུངས་པ་སོགས་དུས་ཚོད་དང་བསྟུན་ནས་འགྱུར་བ་ཕྱིན་ཡོད་རེད། དེ་འདྲ་ཡིན་དུས་རྒྱ་ནག་གཞུང་ཡིན་ནའང་མི་མང་གི་མངོན་འདོད་དང་མཚུངས་པས་འགྱུར་བ་མི་གཏོང་ཐབས་མེད་ཆགས་ཀྱི་རེད་ཅེས་བཀའ་ལན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎