༸གོང་ས་མཆོག་ནང་པའི་གནས་ཆེན་སན་ཀི་ས་རུ་ཆིབས་བསྒྱུར།


2015.01.31
༸གོང་ས་མཆོག་ནང་པའི་གནས་ཆེན་སན་ཀི་ས་རུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ སན་ཀི་ས་དང་བོད་སྐད་ནང་གྲོང་ཁྱེར་གསལ་ལྡན་བྱ་བར་ཞབས་སོར་འཁོད་གནང་མཛད་ཡོད་པ།
༸དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཕྱི་ཚེས་ ༣༠ ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཨུ་ཏར་པརཱ་དེཤ་མངའ་སྡེའི་ས་གནས་ Farukhabad ཉེ་འགྲམ་དུ་ཡོད་པའི་ནང་པའི་གནས་ཆེན་དུ་ངོས་འཛིན་པའི་རྒྱ་གར་གྱི་སྐད་དུ་ སན་ཀི་ས་དང་བོད་སྐད་ནང་གྲོང་ཁྱེར་གསལ་ལྡན་བྱ་བར་ཞབས་སོར་འཁོད་གནང་མཛད་ཅིང་། མངའ་སྡེའི་འཕྲུལ་རིག་བློན་ཆེན་ཨ་ལོཀ་ཀུ་མར་ཤཱཀྱ་གཙོས་དཔོན་རིགས་དང་ཆིབས་བསྒྱུར་གོ་སྒྲིག་པ་སོགས་ཆེད་བཅར་གྱིས་ཕེབས་བསུ་ཞུས་འདུག།  སན་ཀི་སའམ་གསལ་ལྡན་གྲོང་ཁྱེར་ནང་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་སུ་བཞེངས་པའི་ནང་པའི་ཀ་ཆེན་ལ་སོགས་པ་ཡོད་པའི་གནས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་གནས་འདིར་གདན་ཞུ་ཕུལ་མཁན་གཙོ་བོ་ནི་རྒྱ་གར་ནང་པའི་གཞོན་ནུའི་མཐུན་ཚོགས་ཟེར་བ་དེ་ཡིན་ཞིང་། གནས་མཆོག་དེར་ཕེབས་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྗེ་རིན་པོ་ཆེས་མཛད་པའི་རྟེན་འབྲེལ་བསྟོད་པ་ལ་སོགས་པ་ཞལ་འདོན་ཁག་གཅིག་གསུངས་གནང་མཛད་འདུག། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ལ་བཀའ་སློབ་བསྩལ་གནང་མཛད་སྐབས། ནང་པའི་ཆོས་ཀྱི་ཉམས་ལེན་གཙོ་བོ་ཞིག་ནི་ཕན་ཚུན་གུས་བརྩི་དང་། གཞན་ལ་བཟོད་སྲན་གྱི་ཐོག་ནས་བྱམས་དང་སྙིང་རྗེ་ལག་བསྟར་བྱ་རྒྱུ་དེ་ཡིན་པས། དེའི་ཐོག་ནས་ཞི་བདེ་དང་ཕན་ཚུན་གྲོགས་པོའི་འདུ་ཤེས། དེ་བཞིན་ཆོས་ལུགས་མཐུན་བསྒྲིལ་སོགས་འབྱུང་རྒྱུ་ཡིན་པ་བཀའ་གནང་འདུག།
སན་ཀི་སའམ་བོད་སྐད་ནང་ཡུལ་གསལ་ལྡན་ཞུ་བ་འདི་ནི་སྔོན་སངས་རྒྱས་བཅོམ་ལྡན་འདས་སྐབས་ཤིག་ཡུམ་སྒྱུ་མ་ལྷ་མཛེས་གསུམ་བཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་འཁྲུངས་པ་མངོན་ཤེས་ཀྱིས་གཟིགས་ཏེ། ཡུམ་དང་ལྷ་ཚོགས་རྣམས་ལ་ཆོས་གསུངས་ཤིང་དབྱར་ཞལ་གྱི་བཞེས་ཏེ་བཞུགས་པའི་སྐབས། སན་ཀི་སིའི་རྒྱལ་པོ་གསལ་སྟོན་གྱི་སྟོན་པ་དྲན་དྲག་སྟེ་རྫུ་འཕྲུལ་ལ་ཐོགས་མེད་མའོ་གལ་གྱི་བུ་བརྒྱུད་སྟོན་པ་མི་ཡུལ་དུ་སླར་འབྱོན་པར་མཛད་པའི་གསོལ་འདེབས་ཞུས་རྗེས། སྟོན་པ་འཁོར་དང་བཅས་པ་རྫུ་འཕྲུལ་གྱི་སྐས་འཛེགས་ཐོག་ནས་མི་ཡུལ་དུ་བྱོན་ཡུལ་གསལ་ལྡན་གྲོང་ཞེས་པའི་གནས་དེ་ཡིན་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལོ་ལྔ་བཅུ་ང་ལྔའི་གོང་དུ་ཡང་གནས་ཆེན་དེར་ཞབས་སོར་འཁོད་གནང་མཛད་འདུག། དེ་རིང་ཕྱི་ཚེས་ ༣༡ ཉིན་མང་ཚོགས་ལ་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་ཡོད་པ་རེད།།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎