༸གོང་ས་མཆོག་སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་སྐོར།

༸གོང་ས་མཆོག་གི་ཕྱག་ངར་གྱི་སྙུང་གཞི་ཧ་ལམ་མེད་པའི་ཐོག་ནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བདེ་བར་ཟིན་ཡོད་པའི་གནས་ཚུལ།

2009.02.03

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་ཤས་སྔོན་ཕྱག་ངར་ལ་ཕྲན་བུ་སྙུང་གཞི་ལྟ་བུ་བྱུང་རྗེས་སྐུའི་བླ་སྨན་པ་རྣམ་པས་གསོལ་འདེབས་ཞུས་དོན་ལྟར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨ་པོ་ལོའོ་སྨན་ཁང་དུ་སྐུའི་བརྟག་དཔྱད་ཆེད་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་དང་གཟའ་མིག་དམར་ཉིན་ཕྱག་ངར་གྱི་སྙུང་གཞི་ཧ་ལམ་མེད་པའི་ཐོག་ནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བདེ་བར་ཟིན་ཡོད་པ་རེད།

གཟའ་ཟླ་བའི་ཉིན་ལྡི་ལིའི་སྨན་ཁང་དེའི་ནང་གི་བརྟག་དཔྱད་ཞུ་མཁན་གྱི་སྨན་པ་ཚོས་ཕྱག་ངར་ལ་སྐྱོན་ཆ་གང་ཡང་མེད་པ་དང་ཉིན་ཤས་ནང་ཚུད་སྙུང་གཞི་རང་བཞིན་གྱི་ཡལ་འགྲོ་རྒྱུ་ཡིན་པ་གསལ་བཤད་ཞུས་ཡོད་པ་རེད།

དེ་རིང་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཆིབས་ཐོན་མ་གནང་གོང་གསར་འགོད་པ་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྙུང་གཞི་དྲག་སྐྱེད་ཀྱིས་ཧ་ལམ་རྣམ་ཀུན་ལྟར་ཡིན་པ་བཀའ་གསལ་གནང་འདུག་ལ་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་སྐུ་བཅར་གྲས་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་ཀྱིས་རིང་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་ཇར་མན་དང་ཨི་ཊ་ལི་དེ་རྗེས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ཆིབས་བསྒྱུར་མཛད་འཆར་ལ་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་པ་གསལ་བཤད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎