༸གོང་ས་མཆོག་གིས་ཏུ་ནི་ཤི་ཡའི་གྲོས་མོལ་ལྷན་ཚོཊ་ལ་འཚམས་འཕྲིན།


2015.10.10
༸གོང་ས་མཆོག་ནས་ཏུ་ནི་ཤི་ཡའི་རྒྱལ་ཡོངས་གྲོས་མོལ་ལྷན་ཚོགས་ལ་འཚམས་འཕྲིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག།
༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༡༥ ལོའི་ནོ་བེལ་ཞི་བདེའི་བྱ་དགའ་འབུལ་ཡུལ་བྱང་ཨཕྷ་རི་ཀའི་ཁ་ཆེའི་ཡུལ་གྲུ་ཏུ་ནི་ཤི་ཡའི་རྒྱལ་ཡོངས་གྲོས་མོལ་ལྷན་ཚོགས་ལ་འཚམས་འཕྲིན་བསྩལ་གནང་མཛད་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་འཚམས་འདྲིའི་གསུང་འཕྲིན་དེའི་ནང་ཏུ་ནི་ཤི་ཡའི་རྒྱལ་ཡོངས་གྲོས་མོལ་ལྷན་ཚོགས་ནས་ཏུ་ནི་ཤི་ཡའི་ལོ་རྒྱུས་ནང་གི་འགག་རྩའི་དུས་ཚོད་ཅིག་གི་སྐབས་ཞི་བདེ་དང་མང་གཙོ་དར་སྤེལ་ཐད་ལེགས་སྐྱེས་འབུལ་བར་ལོ་འདིའི་ནོ་བེལ་ཞི་བདེའི་བྱ་དགའ་སྩོལ་བར་བཀྲིས་བདེ་ལེགས་ཡོད་ཅེས་དང་། ཏུ་ནི་ཤི་ཡའི་རྒྱལ་ཡོངས་གྲོས་མོལ་ལྷན་ཚོགས་ནས་བསམ་ཡུལ་ནས་འདས་པའི་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་གྱིས་ཡུལ་དེའི་ནང་གི་ཕྱོགས་མང་པོར་གྱེལ་བའི་ཚོགས་སྡེ་ཁག་གྲོས་མོལ་དང་འགྲིགས་འཇགས་ཆེད་མཉམ་སྤུངས་ཡོང་རྒྱུར་འབད་བརྩོན་ལྷོད་མེད་གནང་པ་དེ་ནི་བསྔགས་བརྗོད་ཀྱི་རང་བཞིན་རེད་ཅེས་བཀའ་གནང་འདུག།
ད་དུང་གསུང་འཕྲིན་དེའི་ནང་དེང་གི་དུས་ཚོད་འདིའི་སྐབས་ང་ཚོས་དུས་ཟིངས་དང་ཟིངས་ཆ་ཅི་རིགས་པར་གདོང་ལེན་བྱེད་དགོས་ཀྱི་ཡོད་མིན་ལ་མ་བལྟོས་པར། གལ་ཏེ་ང་ཚོ་ཚང་མས་ཕན་ཚུན་སྤུན་ཆེད་ཕོ་མོ་ལྟ་བུ་ཡིན་པ་དང་། གོ་ལའི་ཁྱིམ་ཚང་གཅིག་གི་ནང་མི་ཡིན་པའི་འདུ་ཤེས་དེ་དྲན་པར་བྱེད་ན་ངེས་པར་འཛམ་གླིང་ནང་ཕུགས་འཕེར་བའི་ཞི་བདེ་ཞིག་འབྱུང་རྒྱུར་ངོས་རང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་བཀའ་གནང་པ་དང་སྦྲགས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་འདིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འདིས་རྩོད་དང་དཀའ་རྙོག་ཁག་གྲོས་མོལ་དང་ཞི་བའི་ལམ་ནས་སེལ་ཐབས་བྱ་དགོས་པ་ལས། དྲག་སྤྱོད་ཀྱི་ནུས་ཤུགས་བེད་སྤྱོད་བྱ་རྒྱུ་མེད་པར་ཆོད་སེམས་བརྟན་པོ་བཟུང་མཁན་ཚོར་བློ་སྟོབས་འཕེལ་བའི་རྐྱེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་བཀའ་གནང་འདུག།
ཏུ་ནི་ཤི་ཡའི་རྒྱལ་ཡོངས་གྲོས་མོལ་ལྷན་ཚོགས་སམ་ National Dialogue Quartet ཞུ་བའི་ཚོགས་པ་འདི་ནི་ཕྱི་ལོ་ ༢༠༡༡ ལོར་ཏུ་ནི་ཤི་ཡའི་ནང་དཔྱིད་ཀའི་གསར་བརྗེ་ཞེས་པའི་གྱེན་ལངས་ཀྱི་ལས་འགུལ་ཤུགས་ཆེ་བྱུང་བའི་སྐབས་རྙོག་གླེང་དེ་དག་ཞི་མོལ་འགྲིགས་འཇགས་ཀྱི་ལམ་ནས་སེལ་ཐབས་གནང་ཡོད་པ་རེད།།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

དེ་བཞིན་ཟླ་འདིའི་ཕྱི་ཚེས་༡༠ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་རྟེན་གཞི་བྱེད་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༡༠འཁོར་བའི་དུས་དྲན་མཛད་སྒོའི་ཐོག དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

 

༢༠༡༥།༡༠།༡༠།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་སྩོལ་བཞིན་པ།

 

 

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎