བོད་རིགས་ལ་བཀའ་སློབ།


2013.06.18
༧གོང་ས་མཆོག་ནས་སིཌ་ནི་ཁུལ་དུ་མང་ཚོགས་ལ་བཀའ་སློབ་གནང་བཞིན་པ།
༧གོང་ས་མཆོག་གི་དྲ་གནས།

༄༅།    །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིའི་ནང་འདུ་འཛོམས་བྱུང་བའི་བོད་རིགས་དང་།    སོག་རིགས།    འབྲུག་པ་རྣམས་ལ་སོ་སོའི་མི་རིགས་ཀྱི་རིག་གཞུང་དེ་རྩ་ཆེན་པོ་ཡིན་པ་ངོས་འཛིན་གནང་དགོས་པའི་སྐོར་བཀའ་སློབ་གནང་འདུག ཕྱི་ཟླ་ ༦ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་གཙོ་བོ་སིཌ་ནིའི་ནང་དུ་བོད་རིགས་དྲུག་བརྒྱ་ལྷག་ཙམ་དང་། སོག་པོའི་མི་རིགས་དང་འབྲུག་པ་སྟོང་ཕྲག་ཙམ་འདུ་འཛོམས་བྱུང་བ་རྣམས་ལ་མཇལ་ཁ་དང་འབྲེལ།    ལམ་སྟོན་བཀའ་སློབ་གནང་སྐབས།    འབྲུག་པའི་མི་རིགས་དང་། སོག་པོའི་མི་རིགས་རྣམས་ལ་མི་རིགས་སོ་སོའི་རིག་གཞུང་དེ་རྩ་ཆེན་པོ་ཡིན་པ་ངོས་འཛིན་གནང་དགོས་པ་དང་ བདག་པོ་རྒྱག་རྒྱུ་དེ་ཤིན་ཏུ་ནས་གལ་གནད་ཆེན་པོ་ཡིན་པའི་སྐོར་དང་། དེང་དུས་ཀྱི་ཤེས་ཡོན་དང་། གནའ་རབས་ཀྱི་ཤེས་ཡོན་གཉིས་ཟུང་དུ་འབྲེལ་བའི་ཐོག་ནས་འགྲོ་ཐུབ་རྒྱུ་དེ་གལ་གནད་ཆེན་པོ་ཡིན་པའི་སྐོར་བཀའ་གནང་འདུག བོད་མི་རྣམས་ཀྱི་ངོས་ནས་བོད་ཀྱི་ཆོས་རྒྱལ་དང་སློབ་དཔོན་བཀའ་དྲིན་ཅན་རྣམས་ཀྱི་ཐུགས་རྗེ་ལ་བརྟེན་ནས་བོད་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དང་། སྐད་ཡིག་ཟུར་དུ་ཡོད་པ་དེས་ལོ་རྒྱུས་ནང་ཆབ་སྲིད་ཀྱི་འཕོ་འགྱུར་ཇི་ཙམ་བྱུང་ཡོད་ཀྱང་ལོ་ངོ་སྟོང་ཕྲག་རིང་བོད་མི་རིགས་གོང་བུ་གཅིག་ཏུ་གནས་ཐུབ་པ་དེ་ནི་གཙོ་བོ་ཆོས་དང་རིག་གཞུང་ལ་བརྟེན་ནས་བྱུང་ཡོད་པའི་སྐོར་བཀའ་གནང་འདུག ལྷག་དོན་དུ་༧གོང་ས་མཆོག་གིས་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་ཀྱི་ཐོག་གཞིས་ལུས་རྒྱ་ཆེའི་མི་མང་གི་ལས་འགན་ཞིག་སྤྲད་ཡོད་པ་དང་། རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཐུབ་པ་ཞིག་དང་གཞིས་ལུས་བོད་མི་རྣམས་ཀྱི་བདེ་བ་སྡུག་བསྔལ་དེ་དག་འཛམ་གླིང་འདིའི་སྟེང་བསྟན་ཐུབ་པ་ཞིག་བྱེད་དགོས་པ་སོགས་ཀྱི་སྐོར་བཀའ་སློབ་གནང་བའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎