བཞུགས་སྒར་ནས་ཆིབས་བསྒྱུར།


2013.06.06
༧གོང་ས་མཆོག་ཕྱི་རྒྱལ་གྱི་མཛད་འཆར་ཆེད་ཆིབས་བསྒྱུར་གནང་བ།
Photo: RFA

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་ ༦ ཉིན་བཞུགས་སྒར་ནས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། དེ་ཡང་མཛད་འཆར་སྔོན་སྒྲིག་ལྟར།    ལྡི་ལི་ནས་ཐོག་མར་ ནིའུ་ཛི་ལེཎྜ་ནང་ཆིབས་བསྒྱུར་བསྐྱངས་ཏེ། ཕྱི་ཚེས་ ༩ ཉིན་ ནིའུ་ཛི་ལེཎྜ་གྱི་ཁ་རི་སི་ཅར་ཅིའི་ Christchurch ཞེས་པའི་གྲོང་ཁྱེར་ནང་བདེན་པ་བཞིའི་སྐོར་བཀའ་ཆོས་བསྩལ་རྒྱུ་དང། མང་ཚོགས་ལ་བྱམས་བརྩེའི་སྐོར་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་ཡོད་པ་རེད།    ཕྱི་ཚེས་ ༡༡ ཉིན་ ནིའུ་ཛི་ལེཎྜའི་དྷུ་ནི་ཌིན་ Dunedin གྲོང་ཁྱེར་ནང་མང་ཚོགས་ལ་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་འཇིག་རྟེན་ཀུན་ལ་སྨན་པའི་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང་། ཕྱི་ཚེས་ ༡༢ ཉིན་ ནིའུ་ཛི་ལེཎྜའི་ཨོཀ་ལེན་ཌི་ Auckland གྲོང་ཁྱེར་ནང་བདེ་སྐྱིད་ཀྱི་ལམ་བུ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་ཡིན་འདུག    ནིའུ་ཛི་ལེཎྜ་ཁུལ་གྱི་མཛད་འཆར་གྲུབ་རྗེས་ཨོ་སི་ཊྲེ་ལི་ཡ་ནང་ཆིབས་བསྒྱུར་དང་འབྲེལ།    ཁུལ་དེར་ཕྱི་ཟླ་ ༦ ཚེས་ ༡༤ ནས་ ༢༣ བར་ཉིན་གྲངས་བཅུ་ཙམ་གྱི་མཛད་འཆར་སྔོན་སྒྲིག་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎