རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་སུ་ཕེབས་རྒྱུའི་ཐུགས་ཪེ་ཡོད། ༧གོང་ས་མཆོག་གིས།


2019.12.30
རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་སུ་ཕེབས་རྒྱུའི་ཐུགས་ཪེ་ཡོད། ༧གོང་ས་མཆོག་གིས། ༢༠༡༩།༡༢།༢༥། ༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་མཆོད་རྟེན་ཆེན་མོར་གནས་མཇལ་མཛད་བཞིན་པ།
དགའ་ལྡན་ཕོ་བྲང་།

ཕྱི་ཚེས་༢༩ ཉིན ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་དང་། རྒྱ་གར། བལ་ཡུལ།  འབྲུག་ཡུལ་སོཊ་ནས་འབྱོར་བའི་མི་སྣ་ཁག་དང་།   རྒྱ་རིགས་སྐོར་ཞིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས།  དེང་སྐབས་འཛམ་གླིང་སྟེང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པའི་དཀའ་ངལ་དེ་སེལ་ཐབས་བྱ་དགོས་པ་་དང་། འཛམ་བུ་གླིང་དུ་དབུལ་ཕྱུག་དང་ལྐོག་ཟ་རུལ་སུང་གི་གནས་ཚུལ་མང་པོ་འབྱུང་བཞིན་པ་དང་། རྒྱ་ནག་ནང་ཞི་ཅིན་ཕིང་གིས་བློ་ཁོག་ཆེན་པོའི་ཐོག་ནས་ལྐོག་ཟ་རུལ་སུང་ལ་འཐབ་རྩོད་ཤུགས་ཆེར་བྱས་ཡོད་སྐོར་གསུངས་འདུག
ཡང་གོང་ས་མཆོག་གིས་མུ་མཐུད་གསུང་དོན། དེང་སྐབས་ནང་ཆོས་ལ་དོ་སྣང་བྱེད་མཁན་རྒྱ་རིཊ་ཇེ་མང་ལ་འགྲོ་བཞིན་འདུག   ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཆོས་ལུགས་ཁོ་ན་མ་ཡིན་པར་སེམས་ཁམས་དང་།  ལྟ་གྲུབ། ཚད་མ་རིག་པ་བཅས་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་ནས་ཡར་རྒྱས་གཏོང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་སྐོར་དང་། གང་ཉིད་ནས་ནམ་རྒྱུན་གསུང་བཞིན་པ་ལྟར་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་རྒྱུ་གལ་ཆེན་ཡིན། ཆོས་ལ་དད་པ་གཅིག་པུ་མ་ཡིན་པར་སློབ་སྦྱོང་བྱས་ནས་རྒྱུ་མཚན་གྱི་ཐོག་ནས་དད་པ་ཐོབ་པ་ཡིན་ན། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཤིག་ཆགས་པ་རེད། སྐྱབས་སུ་མཆིས་ཞེས་གསོལ་འདེབས་གཅིག་པུས་འགྲིག་གི་མ་རེད་ཅེས་ངོས་ཀྱིས་རྒྱ་མི་ཆོས་གྲོགས་ཚོར་ཡང་བཤད་ཀྱི་ཡོད། བོད་ཡིག་ནང་བཀའ་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པར་ང་ཚོས་སློབ་སྦྱོང་བྱེད་བཞིན་ཡོད་ཅེས་སོཊ་གསུངས་འདུག
ཡང་གོང་ས་མཆོག་གིས་གསུང་དོན། རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་ག་ལེར་འགྲོ་བཞིན་པ་ཡོད་པ་འདྲ། ལོ་ཤས་ནང་ངོས་རང་རི་བོ་རྩེ་ལྔར་སླེབས་ཐུབ་པའི་རེ་བ་ཡོད། ངོས་ཀྱི་དམིགས་ཡུལ་གཙོ་བོ་ནི་གནས་སྐོར་བྱ་རྒྱུ་དང་རྒྱ་རིགས་ནང་པ་ཚོར་ཐུག་རྒྱུ་དེ་ཡིན། རྒྱ་གར་དུའང་ཚན་རིག་པ་དང་མཉམ་དུ་ཐུག་བཞིན་པ་ལྟར། དེ་ལྟ་བུ་བྱུང་ན་ཡག་པོ་རེད། ཅེས་སོགས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎