རྒྱ་རིགས་དང་མཇལ་འཕྲད།

༧གོང་ས་མཆོག་ནས་རྒྱ་རིགས་དང་མཇལ་འཕྲད་གནང་བ།
༧གོང་ས་མཆོག་ནས་རྒྱ་རིགས་དང་མཇལ་འཕྲད་གནང་བ། (༧སྐུ་སྒེར་གྱི་དྲ་གནས།)

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་༡༨ དང་༡༩བཅས་ཉིན་གྲངས་གཉིས་ཀྱི་རིང་Australiaའི་གྲོང་ཁྱེར་Melbourne ནང་གི་མཛད་འཕྲིན་ཁང་ལེགས་པར་གྲུབ་སྟེ་ལྷོ་ཕྱོགས་Australiaའི་གྲོང་ཁྱེར་Adelaide དུ་མཛད་འཕྲིན་དབུ་བཙུགས་མཛད་པ་ལྟར། ཕྱི་ཚེས་༢༡ཉིན་Adelaide ཚོགས་ཁང་དུ་ཆིབས་བསྒྱུར་གྱིས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཐབས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད།
༧གོང་ས་མཆོག་ནས་ཁ་སང་ཕྱི་ཚེས་ ༢༠ ཉིན་ཧོང་ཀོང་དང་། རྒྱ་ནག་སྐམ་ས་ཆེན་མོ།དེ་བཞིན་ཁུལ་དེར་གནས་སྡོད་བཅས་ཁྱོན་རྒྱ་རིགས་མི་གྲངས་ ༢༠༠ བརྒལ་བར་མཇལ་ཁ་དང་ལྷན། བོད་མིའི་ངོས་ནས་རང་བཙན་རྩོད་ལེན་མ་བྱས་པར་གཉིས་ཕན་དབུ་མའི་ལམ་ཐོག་སྐྱོད་བཞིན་ཡོད་སྐོར་བཀའ་སློབ་བསྩལ་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། སྐབས་དེར་༧གོང་ས་མཆོག་ནས་བཀའ་གནང་ཡག་ལ། ང་ཚོ་བོད་པའི་གནས་ཚུལ་ལ་ཆ་བཞག་ན། ཏན་ཏན་ཧུའུ་ཡོ་པང་ཡུན་རིང་ཙམ་དབང་ཆ་ཡོད་པ་བྱས་ཏེ་གནས་ཡོད་ན། བོད་པའི་གནས་ཚུལ་ཐག་གཅོད་ཟིན་ཚར་བ་རེད། ཅེས་སོགས་བཀའ་གནང་བ་དང་སྦྲགས། རྒྱ་རིགས་ཀྱི་དྲི་བར་བཀའ་ལན་ཡང་གནང་ཡོད་པ་རེད།།