༧གོང་ས་མཆོག་གིས་ནད་ཡམས་སྔོན་འགོག་གི་ཆེད་ནད་པ་ཚོས་སྨན་པ་དང་སྨན་ཞབས་པ་ཚོའི་ལམ་སྟོན་ལག་ལེན་དུ་བཀལ་རོགས་ཞེས་བཀའ་གནང་བ།

2021.09.08
༧གོང་ས་མཆོག་གིས་ནད་ཡམས་སྔོན་འགོག་གི་ཆེད་ནད་པ་ཚོས་སྨན་པ་དང་སྨན་ཞབས་པ་ཚོའི་ལམ་སྟོན་ལག་ལེན་དུ་བཀལ་རོགས་ཞེས་བཀའ་གནང་བ། ༧གོང་ས་མཆོག་གིས་སྤྱི་ཟླ་༩པའི་ཚེས་༨ཉིན་ནས་ཉི་མ་གཉིས་རིང་། བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་རྒྱ་གར་གྱི་སློབ་དཔོན་ཟླ་བའི་གྲགས་པས་མཛད་པ། དབུ་མ་འཇུག་པ་རང་འགྲེལ་དང་བཅས་པའི་བཀའ་ཆོས་གནང་སྐབས།
OODL

ལྷོ་ཤར་ཨེ་ཤེ་ཡའི་ནང་པའི་ཆོས་ཚོགས་ཁག་བཅུ་ནས་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༩པའི་ཚེས་༨ཉིན་ནས་ཉི་མ་གཉིས་རིང་། བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་རྒྱ་གར་གྱི་སློབ་དཔོན་ཟླ་བའི་གྲགས་པས་མཛད་པ། དབུ་མ་འཇུག་པ་རང་འགྲེལ་དང་བཅས་པའི་བཀའ་ཆོས་གནང་སྐབས། བཀའ་ཆོས་ཀྱི་མཇུག་ཏུ་༧གོང་ས་ཆེན་པོར་བཀའ་འདྲི་བཀའ་ལན་གྱི་སྐབས། ཐེ་ལཎྡྲི་རྒྱལ་ཁབ་ཀྱི་བུད་མེད་ས་ཕོར་ནེ་ཐུཕེ་ཆོང་རན་སི་Supornthip Choungrangseeལགས་ནས། ཀོཝིཊི་༡༩ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་དང་འབྲེལ་བའི་ཆོས་ཀྱི་ཉམས་ལེན་ཐད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ནད་ཡམས་སྔོན་འགོག་ཏུ་ནད་པ་ཚོས་སྨན་པ་དང་སྨན་ཞབས་ཚོའི་བསླབ་བྱ་སེམས་ལ་བཞག་སྟེ། ལམ་སྟོན་ལག་ལེན་དུ་བསྟར་དགོས་པ་སོགས་བཀའ་གནང་གི་འདུག་
གཞན་ཡང་༧གོང་ས་མཆོག་གིས་ནད་ཡམས་ལ་ཉམས་ཞིབ་ཕྱོགས་བསྡོམས་བྱས་བཞག་པ་ཁག་ནི་ཡག་ཤོས་ཡིན་པ་དང་། ནད་ཡམས་ཀྱི་རྐྱེན་པས་སེམས་མ་སྐྱིད་པའི་ཐོག་ལ་ནང་པའི་གཞུང་གི་སེམས་ཁམས་རིག་པས་ཕན་ཁྱད་ཡོད་པ་བཀའ་གནང་གི་འདུག ཡང་༧གོང་ས་མཆོག་ནས་འཛམ་གླིང་འདིར་སེམས་བཟང་པོ་དང་གཞན་ལ་ཕན་བདེ་སྒྲུབ་པ། གཞན་ལ་འཚེ་བ་མི་བྱེད་པའི་བློ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་བཀའ་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་ལ་ཨ་མི་རི་ཀའི་ནུབ་ཝིར་ཇི་ནི་ཡ་མངའ་སྡེ་ནས་ཡིན་པ། སྐུ་ཞབས་Hanno་Kirkལགས་ནས་འཛམ་གླིང་ཁྱོན་དུ་སྐྱབས་བཅོལ་པ་ས་ཡ་མང་པོ་མུག་ཤི་ཐེབས་པ་སོགས་ཀྱི་དཀའ་ངལ་ནང་ལྷུང་བཞིན་པ་དེ། ལས་ཀྱི་རྣམ་སྨིན་ཡིན་མིན་ཐད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་རྒྱུ་རྐྱེན་གྱི་དབྱེ་བ་བཀར་ཏེ། རྒྱུ་དེ་སྔོན་ལ་བསགས་པའི་ལས་ཀྱི་འབྲས་བུ་ཡིན་ནའང་། གང་ཐུབ་ཅི་ཐུབ་ཀྱིས་ཕན་ཚུན་ལ་བརྩེ་བ་དང་རོགས་པ་བྱས་ནས། རྐྱེན་དང་འཕྲད་མ་བཅུག་ན་སྡུག་བསྔལ་དེ་ཡོང་གི་མ་རེད་ཅེས་བཀའ་གནང་གི་འདུག
ལྷོ་ཤར་ཨེ་ཤེ་ཡའི་མི་རིགས་ཚོར་དབུ་མ་འཇུག་པའི་བཀའ་ཆོས་གནང་བཞིན་པ་དེར། ནང་པའི་རྒྱལ་ཁབ་ཐེ་ལཎྡྲི་དང་ཝི་ཏི་ནམ་སོགས་ཀྱི་ནང་པའི་རྗེས་འཇུག་སེར་སྐྱ་ཕོ་མོ་མང་པོ་ཡོད་པ་མ་ཟད། སིངྒ་ཕོར་དང་མ་ལེ་ཤེ་ཡ།ཁ་ཆེའི་རྒྱལ་ཁབ་ཧིན་རྡུ་ནི་ཤེ་ཡ་དང་བྱང་ཨ་མི་རི་ཀ་བཅས་ཀྱི་ཆོས་ཞུ་བ་ཁག་མང་པོ་ཞིག་ཀྱང་ལྷན་ཞུགས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎