སེམས་ལ་འགྱུར་བཅོས་གཏོང་ཐབས་ཀྱི་སློབ་སྦྱོང་ཡང་སྤྲོད་དགོས།


2017.11.14
སེམས་ལ་འགྱུར་བཅོས་གཏོང་ཐབས་ཀྱི་སློབ་སྦྱོང་ཡང་སྤྲོད་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་མཉམ་དུ་མིའི་སེམས་ལ་འགྱུར་བཅོས་གཏོང་ཐབས་ཀྱི་སློབ་སྦྱོང་ཡང་སྤྲོད་དགོས་སྐོར་དགོངས་ཚུལ་གསུངས་བ།
ཨེལ་ཨེ་ཊཡིམས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་སྟེང་བདེ་སྐྱིད་དང་། རྒྱལ་ཁབ་ཕན་ཚུན་དབར་མཛའ་མཐུན། དེ་བཞིན་མ་འོངས་པར་འགྲོ་བ་མིའི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་དགོས་ན་དེང་དུས་ཀྱི་ཤེས་ཡོན་མཉམ་དུ་མིའི་སེམས་ལ་བསྒྱུར་བཅོས་གཏོང་ཐབས་ཀྱི་སློབ་སྦྱོང་ཡང་སྤྲོད་དགོས་པ་གལ་གནད་ཆེན་པོ་ཡིན་པའི་དགོངས་ཚུལ་གསུངས་འདུག  དེ་ཡང་ཁ་ས་ཕྱི་ཚེས་ ༡༣ རེས་གཟའ་ཟླ་བ་ཉིན་ཤེས་ཡོན་སྤྲོད་ཕྱོགས་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་ཚུལ་གསུང་པའི་ཆེད་རྩོམ་ཞིག་ཨ་རིའི་ Los Angeles Times ཉིན་རེའི་གསར་ཤོག་ཐོག་འདོན་སྤེལ་བྱས་པའི་ནང༌། དེང་དུས་ཀྱི་ཤེས་ཡོན་སྤྲོད་ཕྱོགས་དེ་ཕྱི་དངོས་པོའི་རིན་ཐང་དང་ཕྱི་དངོས་པོའི་གོ་རྟོགས་ཡར་རྒྱས་གཏོང་རྒྱུ་ཁོ་ནར་དམིགས་ཀྱི་ཡོད། འོན་ཀྱང་དངོས་ཡོད་ཀྱི་གནས་སྟངས་ལ་འགྲོ་བ་མིའི་སྤྱི་ཚོགས་ནང་ཞི་བདེ་དང་བདེ་སྐྱིད་དགོས་ན་ཕྱི་དངོས་པོའི་གོ་རྟོགས་གཅིག་པུས་མི་འདང་བར་ནང་སེམས་ཡར་རྒྱས་གཏོང་རྒྱུར་གལ་གནད་ཆེ་བ་སྤྲོད་དགོས་པ་ཡིན། ཆོས་ལུགས་གང་འདྲ་ཞིག་ལ་དད་མོས་བྱེད་མཁན་ཡིན་རུང༌། ང་ཚོ་འགྲོ་བ་མི་ཚང་མའི་རྒྱུད་ལ་བཟང་སྤྱོད་ཀྱི་རྨང་གཞི་ཞིག་ཡོད་པ་ཡིན་ཙང༌། བཟང་སྤྱོད་ཀྱི་རྨང་གཞི་དེ་དག་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་ཡིན། དེ་ལྟར་ཡོང་རྒྱུར་འཛམ་གླིང་ཁྱོན་ཡོངས་ལ་དེང་དུས་ཀྱི་ཤེས་ཡོན་མཉམ་དུ་ནང་སེམས་ཡར་རྒྱས་གཏོང་རྒྱུའི་སློབ་སྦྱོང་ཡང་སྤྲོད་དགོས་པ་ཡིན། ངོས་ཀྱིས་མ་འོངས་པའི་དུས་གཅིག་ལ་སྔོན་འགྲོ་དང་། གཞི་རིམ། མཐོ་སློབ་བཅས་པ་ཚང་མའི་ནང་རྒྱུན་ལྡན་གྱི་སློབ་སྦྱོང་སྤྲོད་སྐབས་བྱམས་པ་དང་། སྙིང་རྗེ། དྲང་བདེན། བཟོད་བསྲན་བཅས་པའི་ཐོག་དོ་སྣང་ཆེ་ཙམ་སྤྲོད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པའི་གནས་ཚུལ་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་འདོན་སྤེལ་གནང་འདུག།
གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎