དགའ་ལྡན་ཁྲི་ཐོག་༡༠༤བསྐོ་བཞག་གནང་བ།


2017.06.25
དགའ་ལྡན་ཁྲི་ཐོག་༡༠༤བསྐོ་བཞག་གནང་བ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་ཐོག་༡༠༤་བསྐོ་བཞག་གི་བཀའ་ཡིག་ཕྱག་རྟགས་སྩལ་གནང་མཛད་པ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་ཐོག་༡༠༤་བསྐོ་བཞག་གི་བཀའ་ཡིག་ཕྱག་རྟགས་སྩལ་གནང་མཛད་འདུག་
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ལོ་༢༠༡༧་ལོའི་ཕྱི་ཟླ་༦་པའི་ཚེས་༢༤་ཉིན་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགེ་ལྡན་བསྟན་པའི་སྲོག་ཤིང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༤་པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་སྩལ་གནང་ཡོད་པ་རེད།  དགའ་ལྡན་ཁྲི་ཐོག་༡༠༣་པ་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ནི་སྤྱི་ལོ་༢༠༡༧ལོའི་ཕྱི་ཟླ་༤་པའི་ཚེས་༢༡་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་གནང་མཛད་ཡོད་པ་རེད།  ཁ་ས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྐོ་བཞག་གནང་བའི་དགའ་ལྡན་ཁྲི་ཐོག་༡༠༤པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནི་སྤྱི་ལོ་༡༩༣༤ལོར་སྐུ་འཁྲུངས་ཞིང་དགུང་གྲངས་བདུན་ནས་བཟུང་ཆོས་ཞུགས་གནང་སྟེ་སྤྱི་ལོ་༡༩༥༩ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་འབྱོར་གྱིས་དགུང་གྲངས་༡༧ལ་ཕེབས་པའི་སྐབས་སེར་བྱེས་མཁས་སྙན་གྲ་ཚང་གི་གཙང་པ་ཁང་ཚན་ནང་ཞུགས་ཡོད་ཅིང་སྐུ་གཞོན་ནུའི་དུས་ནས་བཀའ་རབ་བྱམས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་མཐིན་ཕྱིན་གནང་བ་མ་ཟད་རིམ་བཞིན་བརྒྱུད་གྲར་བཞུགས་ནས་མདོ་སྔགས་ཟུང་འབྲེལ་གྱི་གནད་རྣམས་གསན་བསམ་རྒྱ་ཆེ་གནང་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།
yangdonགསར་འགོས་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎