Portlandདུ་ཆིབས་བསྒྱུར།
2013.04.23
༄༅། །ཨ་མི་རི་ཀའི་Oregon མངའ་སྡེའི་གྲོང་ཁྱེར་Portland ནང་རྟེན་གཞི་བྱས་པའི་Maitripa College གི་གོ་སྒྲིག་འོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་་པོཊ་ལེནྜ་ཁུལ་དུ་ཕྱི་ཟླ་༥ཚེས་༩ནས་༡༡བར་ཉིན་གྲངས་གསུམ་རིང་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད། ༧གོང་ས་མཆོག་ནས་ཁུལ་དེར་གཙོ་བོ་ཁོར་ཡུག་འབྱུང་ཁམས་སྲུང་སྐྱོབ་དེ་རྒྱལ་སྤྱིའི་འོས་འགན་ཡིན་པའི་སྐོར་གྱི་ཚོགས་ཆེན་སར་ལམ་སྟོན་བཀའ་སློབ་གནང་གི་ཡོད་པ་རེད། དེའི་སྐབས་སུ་དེ་ཁུལ་དེར་ཡོད་པའི་ཨ་མི་རི་ཁའི་ནང་གི་རོལ་གཞས་ཚོགས་པ་གྲགས་ཅན་Red Hot Chili Peppers ཞེས་པའི་རོལ་གཞས་ཚོགས་པ་དེས་༧གོང་ས་མཆོག་གི་སྐུ་མདུན་དུ་རོལ་གཞས་འཁྲབ་སྟོན་ཞུ་འཆར་ཡོད་པ་རེད།
Red Hot Chili Peppers ཞེས་པའི་རོལ་གཞས་ཚོགས་པ་དེས་ད་ཕན་བོད་ཀྱི་གནད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། རིང་མིན་ཚུགས་རྒྱུའི་ཁོར་ཡུག་འབྱུང་ཁམས་སྲུང་སྐྱོབ་དེ་རྒྱལ་སྤྱིའི་འོས་འགན་ཞིག་ཡིན་པའི་གླེང་སྟེགས་དེའི་སར་༧གོང་ས་མཆོག་གིས་བཀའ་སློབ་གནང་བ་དང་ཕྱོགས་མཚུངས་རོལ་གཞས་ཚོགས་པ་དེས་ཀྱང་མ་འོངས་པའི་འོས་འགན་གྱི་ནང་དོན་ཡོད་པའི་རོལ་གཞས་བརྒྱུད་སྐུལ་དང་རྒྱབ་སྐྱོར་ཞུས་གནང་གི་ཡོད་པ་རེད་འདུག།