༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་གནང་ཡོད་པ།


2014.02.22
༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་གནང་ཡོད་པ། ༢༠༡༤།༢།༢༡ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་སྐབས།
ཕོ་བྲང་དཀར་པོ།

༄༅༎གཟའ་པ་སངས་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷཱ་མ་རྣམ་གཉིས་དུས་ཡུན་ཆུ་ཚོད་གཅིག་ལྷག་ཙམ་རིང་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་ཨོ་བྷཱ་མ་མཆོག་ལ་༧གོང་ས་མཆོག་གི་ཕུགས་དགོངས་གསུམ་སྟེ། འཛམ་གླིང་སྤྱིའི་བདེ་ཐབས་དང་སྒོས་སུ་མི་སྒེར་སྒེར་སོ་སོའི་བདེ་ཐབས་སླད་བྱམས་བརྩེ་དང་སྙིང་རྗེ། གཞན་འཁུར་སོགས་འགྲོ་བ་མིའི་རིན་ཐང་དར་སྤེལ་གཏོང་ཐབས་དང་། ཆོས་ལུགས་ནང་ཁུལ་མཐུན་བསྒྲིལ་གོང་འཕེལ། བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་བཅས་ཀྱི་ཐོག་མཛད་འཕྲིན་སྐྱོང་གནང་བཞིན་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
མཇལ་འཕྲད་གྲུབ་མཚམས་ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། ཨ་མི་རི་ཀའི་སྲིད་འཛིན་གྱི་ངོས་ནས་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཡོང་ཐབས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གནས་པའི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བཅས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་ཅེས་འཁོད་ཡོད་ཅིང་། ད་དུང་ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱི་གསར་འགོད་གསལ་བསྒྲགས་དེའི་ནང་། ཨ་མི་རི་ཀའི་ལངས་ཕྱོགས་ནི་བོད་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་ཆ་ཤས་ཡིན་པར་ངོས་འཛིན་གནང་གི་ཡོད་པ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་མེད་པ་གསུངས་པ་དང་སྦྲགས། སྲིད་འཛིན་ཨོ་བྷཱ་མའི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་། སྲིད་འཛིན་གྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་གྲོས་མོལ་ཞུ་དགོས་རྒྱུར་འབོད་བསྐུལ་གནང་གི་ཡོད་པ་གསུངས་ཡོད་པ་རེད།
ཕྱི་ལོ་ ༡༩༩༡ ལོར་ཐོག་མར་ཨ་མི་རི་ཀའི་སྲིད་འཛིན་བྷུཤ་འདྲེས་པ་ནས་དབུ་བཙུགས་ཏེ་ད་བར་ཨ་རིའི་སྲིད་འཛིན་རིམ་པ་དང་མཇལ་འཕྲད་ཐེངས་མ་༡༢ གནང་ཟིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་ཨོ་བྷཱ་མ་རྣམ་གཉིས་ད་བར་མཇལ་འཕྲད་ཐེངས་མ་གསུམ་གནང་ཡོད་པ་རེད།།

གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎