ཨ་རིའི་སྲུང་སྐྱོབ་དྲུང་ཆེ་མཆོག་གིས་རྒྱ་གར་ལ་འཚམས་གཟིགས།
2014.08.08
རྒྱ་གར་དང་དམག་དོན་ཐད་ཀྱི་ཚོང་འབྲེལ་དང་བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་ཐད་མཉམ་འབྲེལ་གོང་སྤེལ་ཆེད་ཡིན་འདུག
དེ་ཡང་ཨ་མེ་རི་ཀའི་སྲུང་སྐྱོབ་དྲུང་ཆེ་Chuck Hagel མཆོག་གིས་རྒྱ་གར་དང་དམག་དོན་ཐད་ཀྱི་ཚོང་འབྲེལ་དང་བདེ་འཇཊ་སྲུང་སྐྱོབ་དེ་བཞིན་འཛམ་གླིང་ནང་གོ་ཚོན་ལག་ཆ་ནང་འདྲེན་མང་ཤོས་བྱེད་མཁན་རྒྱ་གར་དང་མཉམ་འབྲེལ་གོང་སྤེལ་གཏོང་ཐབས་སུ་དེ་རིང་ནས་བཟུང་ཉིན་གྲངས་གསུམ་རིང་ཡུལ་དེའི་ནང་འཚམས་གཟིཊ་གནང་འགོ་བཙུཊ་འདུག རྒྱ་གར་གྱིས་གོ་མཚོན་ལག་ཆ་མཁོ་སྒྲུབ་བྱ་རྒྱུར་ལོ་མང་འགོར་པ་མ་ཟད། དེ་དག་མཁོ་གྲུབ་བྱེད་ཕྱོཊ་ཀྱི་འབྲེལ་ལམ་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་སྐྱོན་འཛུཊ་ཕོག་ནས་ཚོང་འབྲེལ་ལམ་ལྷོང་མ་བྱུང་བའི་རྗེས་སུ་སྲིད་བློན་Narendra Modi མཆོག་གིས་སྣེ་ཁྲིད་པའི་རྒྱ་གར་གྱི་གཞུང་འཛིན་གསར་པས་དེ་སྔའི་ཨུ་རུ་སུའི་དམར་པོའི་རྒྱལ་ཁབ་དུས་ཀྱི་གོ་མཚོན་ལག་ཆ་ཁག་དེང་དུས་ཅན་དུ་འགྱུར་རྒྱུའི་འདོད་པ་ཡོད་པ་རེད། ཨ་རིའི་སྲུང་སྐྱོབ་དྲུང་ཆེ་Hagelམཆོག་གིས་ཨ་མེ་རི་ཀ་དང་རྒྱ་གར་གཉིས་དབར་ལོ་༡༠་རིང་སྲུང་སྐྱོབ་ཐད་གྲོས་མཐུན་བཞག་པ་དེ་ལོ་རྗེས་མར་དུས་ཚོད་རྫོགས་ཀྱི་ཡོད་པས་ན་གྲོས་མཐུན་དེ་བསྐྱར་གསོའི་ཆེད་དང་། ད་རེས་ཁོང་རྒྱ་གར་ལ་འཚམས་གཟིཊ་ལ་ཕེབས་དོན་གཙོ་བོ་ནི་རྒྱ་གར་གྱི་གཞུང་འཛིན་གསར་པའི་དཔོན་རིགས་ཁག་གི་ལྷན་དུ་མཇལ་འཕྲད་ཞུ་རྒྱུ་དེ་ཡིན་སྐོར་ཁོང་རྒྱ་གར་ལ་ཕེབས་འབྱོར་མ་བྱུང་གོང་ནས་གསུངས་འདུག ད་དུང་ཁོང་གིས་ཨ་མེ་རི་ཀས་གནད་དོན་མང་པོ་སྤྱི་དང་ལྷག་དོན་དུ་དམིཊ་སུ་བཀར་བའི་ལས་གཞི་ངེས་ཅན་འགའ་ཤས་སྐོར་རྒྱ་གར་གྱི་དཔོན་རིགས་ཚོའི་ལྷན་དུ་བཀའ་བསྡུར་གནང་རྒྱུ་ཡིན་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་གིས་ཨཧྥི་གྷ་ནིས་ཐན་གྱི་རྒྱལ་ས་ཀ་བྷུལ་ནང་ཆེད་ཕེབས་གནང་སྟེ་ཡུལ་དེའི་ནང་སྲིད་འཛིན་འོས་བསྡུ་ལས་བྱུང་བའི་དཀའ་རྙོག་སེལ་ཐབས་གནང་བཞིན་པའི་སྐབས་འདིར་ཨཧྥ་གྷ་ནིས་ཐན་གྱི་སྐོར་ལ་ཡང་བཀའ་བསྡུར་གནང་རྒྱུ་ཡིན་ལུཊ་གསུངས་འདུག དེ་རིང་ཁོང་གིས་རྒྱ་གར་གྱི་སྲིད་བློན་Narendra Modi མཆོག་དང་སྲུང་སྐྱོབ་བློན་ཆེན་Arun Jaitleyམཆོག་དེ་བཞིན་ཕྱི་སྲིད་བློན་ཆེན་ལྕམ་Shusma Swaraj སོཊ་ཆེས་མཐོའི་དབུ་ཁྲིད་ཁག་མཇལ་འཕྲད་གནང་ཡོད་པའི་གནས་ཚུལ་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།