རྒྱ་རི་རིན་པོ་ཆེའི་སྐུ་ཕུང་སྨིན་གྲོལ་གླིང་དགོན་པར་གདན་ཞུ།


2018.11.05
རྒྱ་རི་རིན་པོ་ཆེའི་སྐུ་ཕུང་སྨིན་གྲོལ་གླིང་དགོན་པར་གདན། རྒྱ་གར་གྱི་ལུས་སྦྱོང་རྣལ་འབྱོར་བ་ཆེན་པོ་སཝཱ་མི་རཱམ་དེཝ་མཆོག་ནས་རྒྱ་རི་རིན་པོ་ཆེའི་སྐུ་ཕུང་ལ་མཇལ་དར་སྒྲོན་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བློ་བཟང་།

བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་ཨ་རིའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་སན་ཧྥརན་སིསྀ་ཀོའི་སྨན་ཁང་ཞིག་གི་ནང་དགོངས་པ་རྫོགས་ཡོད་པ་དང་། ཁོང་གི་སྐུ་ཕུང་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་ཨ་རི་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད།  རྒྱ་གར་བྱང་ཕྱོགས་ཌེ་ར་ཌུན་དུ་ཡོད་པའི་སྨིན་གྲོལ་གླིང་དགོན་པར་གདན་འདྲེན་ཞུས་ཡོད་པ་རེད།

ཌེ་ར་ཌུན་གནམ་ཐང་དུ་སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་དང་།  དོན་གྲུབ་གླིང་གཞིས་ཆགས་ཀྱི་འགོ་འཛིན།  སྨིན་གླིང་མཁན་རིན་པོ་ཆེ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོཊ་གཞོན། རྒྱ་གར་གྱི་ལུས་སྦྱོང་རྣལ་འབྱོར་བ་ཆེན་པོ་སཝཱ་མི་རམ་དེཝ།  ལྡི་ལི་ནས་ལ་དྭགས་བླ་མ་བློ་བཟང་།  གཞན་ཡང་ས་གནས་བོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གི་སྐུ་ཚབ་དང་། དགོན་སྡེ་ཁག་ཚང་མའི་སྐུ་ཚབ་བཅས་ནས་རྒྱ་རི་རིན་པོ་ཆེ་མཆོག་གི་སྐུ་ཕུང་ལ་མཇལ་དར་ཕུལ་ཡོད་པ་རེད། རིན་པོ་ཆེ་མཆོག་གི་སྐུ་ཕུང་ཞུགས་འབུལ་ཕྱི་ཟླ་༡༡ཚེས་༡༨  བོད་ཟླ་༡༠ཚེས་༡༠ཉིན་གནང་གཏན་འཁེལ་འདུག

གསར་འགོད་པ་རྡོ་རྗེ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎