པ་ཀིས྄་ཐན་ནང་ཤྲི་ལངྒ་ཀའི་རྩེད་མོའི་རུ་ཁག་ཐོག་དྲག་རྒོལ།

པ་ཀིས྄་ཐན་ནང་ཀིརི་ཀེཊ་རྩེད་འགྲན་དུ་ཡོང་མཁན་ཤྲི་ལངྒ་ཀའི་ཀིརི་ཀེཊ་རྩེ་མོའི་རུ་ཁག་ཐོག་དྲག་སྤྱོད་པས་དྲག་རྒོལ་བྱས་ཡོད་པའི་གནས་ཚུལ།

2009.03.03

༄༅༎པ་ཀིས྄་ཐན་ནང་ཀིརི་ཀེཊ་རྩེད་འགྲན་དུ་ཡོང་མཁན་ཤྲི་ལངྒ་ཀའི་ཀིརི་ཀེཊ་རྩེ་མོ་བའི་རུ་ཁག་ཐོག་ཉུང་མཐར་དྲག་སྤྱོད་པ་མི་གྲངས་བཅུ་གཉིས་སྐོར་ཞིག་གིས་མེ་མདའ་དང་ལག་འབོམ་དེ་བཞིན་དཔུང་སྟེགས་མེ་ཤུགས་འཕུར་མདེལ་སོགས་བེད་སྤྱོད་བྱས་ཏེ་དྲག་རྒོལ་ཚབས་ཆེ་བྱུང་འདུག་ཅིང་རྩེ་མོ་བ་མི་བདུན་དང་དབྱིན་ཇིའི་མི་རིགས་ཡིན་པའི་དགེ་རྒན་ལས་རོགས་ཤིག་བཅས་ལ་རྨས་སྐྱོན་ཕོག་ཡོད་པར་མ་ཟད་ཉེན་རྟོག་མི་སྣ་དྲུག་དང་ཞི་བའི་མི་སེར་གཅིག་བཅས་རྐྱེན་འདས་སུ་བཏང་ཡོད་འདུག

གྲ་བསྒྲིག་འཐུས་ཚང་ལྡན་པའི་དྲག་རྒོལ་དེ་བཞིན་ལོ་ཧོར་གྲོང་ཁྱེར་ནང་བྱུང་བ་དང་དྲག་རྒོལ་བ་ཚོས་རྩེད་ཐང་དུ་སླེབས་ལ་ཉེ་བའི་སྐབས་ཤྲི་ལངྒ་ཀའི་རྩེ་མོ་བ་འོར་འདྲེན་བྱ་ཡུལ་གྱི་མོ་ཊའི་ཐོག་དྲག་རྒོལ་སྐར་མ་བཅོ་ལྔ་རིང་བྱས་ཡོད་འདུག་པ་དང་ཉེན་རྟོག་པ་དང་དྲག་སྤྱོད་པའི་བར་མེ་འཕེན་ཡུན་རིང་བྱས་འདུག་ཀྱང་དྲག་སྤྱོད་པ་གཅིག་ཀྱང་བསད་ཐུབ་མེད་པར་མ་ཟད་གསོན་བཟུང་ཀྱང་ཐུབ་མེད་པ་རེད་འདུག

དེ་རིང་པ་ཀིས྄་ཐན་ནང་རྒྱལ་སྤྱིའི་རྩེད་འགྲན་རུ་ཁག་ཅིག་གི་ཐོག་དྲག་རྒོལ་འདི་ལྟ་བུ་བྱུང་བ་དེས་རྡུལ་ཕྲན་མཚོན་ཆ་ལྡན་པའི་པ་ཀིས྄་ཐན་གྱི་ཡུལ་གྲུའི་ནང་ཁྲིམས་མེད་དྲག་སྤྱོད་ཀྱི་གནས་ཚུལ་ཇེ་ཆེར་འགྲོ་བཞིན་པ་གསལ་སྟོན་བྱས་པ་མ་ཟད་འབྱུང་འགྱུར་གྱི་ཟླ་བ་འགའ་ཤས་སམ་ཡང་ན་ལོ་འགའ་ཤས་རིང་པ་ཀིས྄་ཐན་ནང་རྒྱལ་སྤྱིའི་རྩེད་འགྲན་རུ་ཁག་གང་ཡང་ཡོང་རྒྱུ་ཧ་ཅང་ཁག་པོ་ཆགས་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎