གསར་འགོད་པ་༢༣༢འཇུ་བཟུང་བཙོན་འཇུག་བྱས་ཡོད་།
2012.12.11
དེ་ཡང་ཨ་རིའི་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་སྙན་ཐོ་ཞིག་བཏོན་པའི་ནང་། ད་ལོར་༢༠༡༢ལོའི་ནང་ད་བར་འཛམ་གླིང་ཁྱོན་ཡོངས་ནས་གསར་འགོད་པ་༢༣༢འཇུ་བཟུང་བཙོན་འཇུག་བྱས་ཡོད་པ་དང་། གྲངས་འབོར་དེ་ནི་སྔ་ལོ་ལས་༥༣མང་བ་ཡིན་འདུག སྙན་ཐོའི་ནང་ད་ལོར་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་མཁན་Turkeyརྒྱལ་ཁབ་ཡིན་པ་དང་། ཡུལ་དེས་འདི་ལོ་གསར་འགོད་པ་༤༩བཙོན་འཇུག་བྱས་ཡོད་འདུག གསར་འགོད་པ་སྲུང་སྐྱོབ་ཚོགས་པ་དེས་སྙན་ཐོ་ཐོག་མར་ཕྱི་ལོ་༡༩༩༠ལོར་འགོ་འཛུགས་བྱས་པ་བཟུང་འདི་ལོའི་གསར་འགོད་པ་བཙོན་འཇུག་བྱས་པའི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་འདུག། དེ་དག་གི་གྲས་ནས་གསར་འགོད་པ་༡༣༢ཙམ་ལ་དྲག་སྤྱོད་པ་དང་། སོ་སོའི་གཞུང་ལ་གྱེན་ལོག་བྱས་པའི་ཉེས་འཛུགས་བྱས་ཡོད་འདུག། ཏོར་ཀེ་རྒྱལ་ས་ཨི་སེ་ཐན་བྭུལ་(Istanbul)ནང་གི་རྩོམ་བྲིས་པ་མེ་ཧེ་མེཊེ་ཨ་ལི་བྭི་རནྚི་(Mehmet Ali Brand) གྱིས་ཏོར་ཀེ་གཞུང་གིས་གསར་འགོད་རང་དབང་དང་། འཇིགས་སྐུལ་དྲག་སྤྱོད་གཉིས་དབྱེ་འབྱེད་བྱེད་ཤེས་ཀྱི་མེད་སྐོར་སྐྱོན་བརྗོད་བྱས་འདུག། གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོག་གཉིས་པ་ཨི་རན་ནང་གསར་འགོད་པ་༤༥བཙོན་འཇུག་བྱས་ཡོད་འདུག། དེའི་རྗེས་རྒྱ་ནག་གཞུང་གིས་གསར་འགོད་པ་༣༢བཙོན་འཇུག་བྱས་པའི་གྲས་ནས་༡༩་བོད་མིའམ་ཤར་ཏོར་ཀེ་སུ་ཐན་གྱི་མི་རིགས་ཡིན་པ་རེད།