འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོར་ཁ་གཏད།


2015.02.04
ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༡༤ ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༡༤
ཀླུ་འབུམ།/RFA

འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་ཚོར་ཁ་གཏད་གདོང་ལེན་གྱི་ཆེད་ཨ་རིས་ནང་ཁྲིམས་གཞི་ཞིག་བཏོན་གནང་འདུག
དེ་ཡང་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་ཚོར་ཁ་གཏད་གདོང་ལེན་གྱི་ཆེད་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་ཁྲིམས་གཞི་ཞིག་བཏོན་གནང་ཡོད་པ་དང་། ཁྲིམས་གཞི་དེའི་ནང་། ཨ་རིའི་སྲིད་འཛིན་མཆོག་གིས་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་སུ་རུང་གིས་མི་སེར་ཚོར་མནར་གཅོད་དང་། དམར་གསོད། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་འགན་ཡོད་དཔོན་རིགས་ཚོའི་མིང་གཞུང་ཞིག་གཏན་འབེབས་བྱས་ཐོག་མི་སྣ་དེ་དག་ལ་ཨ་རིའི་གཞུང་གིས་ཐོངས་མཆན་སྤྲོད་རྒྱུ་བཀག་བསྡོམས་དང་། ཡང་མི་སྣ་དེ་དག་གི་རྒྱུ་དངོས་སོགས་གཞུང་བཞེས་རྒྱས་བཅས་བྱེད་རྒྱུ་སོགས་ཡིན་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མ་ཐུས་ལགས་ཀྱིས། སྔར་བྱུང་མྱོང་མེད་པའི་ཨ་རིའི་གྲོས་ཚོགས་གོང་འོག་གི་བཏོན་གནང་བའི་ད་ཐེངས་ཁྲིམས་གཞི་དེས་སྤྱིར་འཛམ་གླིང་ཡོངས་དང་། ལྷག་པར་དུ་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁྲིམས་གཞི་དེ་ལ་རྒྱབ་སྐྱོར་ཡོད་པའི་ཐོག་ཨ་ཪིའི་འབྲེལ་ཡོད་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་འཕྱ་གྲུ་མཉམ་འདེགས་ཀྱིས་ཁྲིམས་གཞི་དེའི་དམིགས་ཡུལ་འགྲུབ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། བོད་ཁུལ་དུ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཁག་ཅིག་ལ་གནད་དོན་དེ་དང་འབྲེལ་བ་ཆགས་སྲིད་པ་རེད་ཅེས་ལས་འགུལ་ཁང་གིས་ཕྱི་ཚེས་༣ཉིན་གནས་ཚུལ་སྤེལ་འདུག
The Global Magnitsky Human Rights Accountability Act (S. 284)ཞེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་འགན་འཁྲི་ཞེས་པའི་ཁྲིམས་གཞི་དེ་ཨ་རིའི་གྲོས་ཚོགས་འོག་མའི་ནང་འདོན་མཁན་གྲོས་ཚོགས་འཐུས་མི་Chris Smith, Helsinkiདང་། ཡང་གྲོས་ཚོགས་གོང་མའི་ནང་འཐུས་མི་ John McCain and Ben Cardinཡིན་ཅིང་། གཙོ་བོ་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་འགོག་ཐབས་ལ་དམིགས་པ་ཞིག་རེད་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎