པ་ཀིསི་ཏན་ལ་དྲག་སྤྱོད་པར་གདོང་ལེན་ཆེད་རོགས་རམ་གནང་རྒྱུ།

དབྱིན་ཇིའི་སྲིད་བློན་མཆོག་གིས་པ་ཀིསི་ཏན་ལ་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱ་རྒྱུའི་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་འདུག

2008.12.14

༄༅༎དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་མཆོག་གིས་པ་ཀིསི་ཏན་ལ་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱ་རྒྱུའི་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་སྟེ་རྒྱ་གར་དང་པ་ཀིསི་ཏན་དབར་འཁོན་སེམས་ཞི་ཐབས་གནང་འདུག

དབྱིན་ཇིའི་སྲིད་བློན་གྱིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་དང་པ་ཀིསི་ཏན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་རྣམ་གཉིས་སོ་སོར་མཇལ་འཕྲད་གནང་སྟེ་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱ་རྒྱུར་རོགས་ཕན་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། ཉེ་ལམ་རྒྱ་གར་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བྱུང་སྟེ་པ་ཀིསི་ཏན་དང་འཁོན་སེམས་ཆེན་པ་ཡོད་པ་རེད། རྒྱ་གར་གྱི་གནམ་དམག་གནམ་གྲུ་ཞིག་པ་ཀིསི་ཏན་གྱི་མཁའ་ཐོག་ཏུ་བཏང་ཡོད་ལུགས་པ་ཀིསི་ཏན་གྱིས་སྐྱོན་བརྗོད་བྱས་ཡོད་ཀྱང་རྒ་གར་གཞུང་གིས་དེར་ཁས་ལེན་མ་གནང་བར་དེ་ནི་པ་ཀིསི་ཏན་ནས་འཇིགས་སྐུལ་དྲག་སྤྱོད་པ་བཏང་བའི་དཀའ་རྙོག་གི་ཁ་ཕྱོགས་བསྒྱུར་ཐབས་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག

པ་ཀིསི་ཏན་ནང་རྟེན་གཞི་བྱས་པའི་ལཤེ་ཀར་ཨེ་ཏོའེ་སྦ་ཞེས་པའི་འཇིགས་སྐུལ་དྲག་སྤྱོད་ཀྱི་ལྟེ་གནས་དེ་ནི་ཉེ་ལམ་རྒྱ་གར་ནང་གཏོར་རྒོལ་གཏོང་མཁན་གྱི་བྱེད་གཏེ་ཡིན་པར་རྒྱ་གར་གཞུང་གིས་ཡིད་ཆེས་གནང་གི་ཡོད་པ་རེད། དབྱིན་ཇིའི་སྲིད་བློན་མཆོག་པ་ཀིསི་ཏན་གྱི་རྒྱལ་ས་རུ་ཕེབས་འབྱོར་སྐབས་པ་ཀིསི་ཏན་ལ་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་གྱི་འགྲོ་གྲོན་ཆེད་ཨ་རིའི་ཌོ་ལར་ས་ཡ་བརྒྱད་དང་ཚེག་ལྔ་ཙམ་རོགས་རམ་གནང་རྒྱུ་ཡིན་ལུགས་གསུངས་གནང་ཡོད་པ་རེད། ཕྱོགས་མཚུངས་རྒྱ་གར་གཞུང་ལ་འཇིགས་སྐུལ་དྲག་སྤྱོད་པ་འཚོལ་ཞིབ་ཀྱི་ལས་དོན་སོགས་ལ་མཉམ་སྦྲེལ་གྱི་རོགས་ཕན་བྱ་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། རྩ་བའི་ཕྱི་ལོ་༢༠༠༥ལོར་དབྱིན་ཡུལ་དུ་པ་ཀིསི་ཏན་ནང་རྟེན་གཞི་བྱས་པའི་ཨེལ་ཁེ་ཌ་དང་འབྲེལ་བ་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་པའི་སྡེ་ཚོགས་ཀྱིས་འབར་རྫས་ཀྱི་གཏོར་རྒོལ་ཤུགས་ཆེ་བཏང་སྟེ་མི་གྲངས་ལྔ་ཅུ་ང་གཉིས་རྐྱེན་ལམ་དུ་བཏང་ཡོད་པ་རེད། ཡང་གྲོང་ཁྱེར་མུམ་སྦའེ་ནང་ཉེ་ལམ་འཇིགས་སྐུལ་དྲག་སྤྱོད་པ་གཏོར་རྒོལ་གཏོང་མཁན་བཅུ་ནས་མོ་ཧ་མརྡ་ཨཇ་མེལ་ཀ་སབ་ཞེས་པ་ཞིག་སོན་པར་འཇུ་བཟུང་ཐུབ་ཡོད་པ་དང་ཡང་པ་ཀིསི་ཏན་སྲིད་གཞུང་གིས་འཛིན་བཟུང་དོ་དམ་བྱས་པའི་དོགས་གཞི་ཅན་གྱི་མི་སྣ་ཁག་ཅིག་ཡོད་པ་བཅས་ལ་དབྱིན་ཇིའི་གསང་ལས་པས་འདྲི་བརྩད་བྱས་ན་འཐུས་མིན་རྒྱ་གར་དང་པ་ཀིསི་ཏན་གྱི་དབུ་ཁྲིད་ཚོར་བཀའ་མོལ་ཞུས་ཡོད་ལུགས་དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་གྱིས་གསུངས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎