བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་ཆད་མེད་བྱས་མཐར་གྷུ་གྷལ་གྱིས་ལས་འཆར་མཚམས་འཇོག


2019.06.20
ཨ་མི་རི་ཀའི་གྲོང་ཁྱེར་(San Francisco)ནང་གྷུ་གྷལ་(Google)ཚོགས་འདུའི་སྐབས་ངོ་རྒོལ། 2019/6/19 ཨ་མི་རི་ཀའི་གྲོང་ཁྱེར་(San Francisco)གྷུ་གྷལ་(Google)ཚོགས་འདུའི་སྐབས་ངོ་རྒོལ། 2019/6/19
མཐུན་འགྱུར་པར་རིས། SFT

བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ངོ་རྒོལ་ཆད་མེད་བྱས་མཐར་གྷུ་གྷལ་གྱིས་རྒྱ་ནག་དང་འབྲེལ་བའི་ལས་འཆར་མཚམས་འཇོག་གི་ཐག་ཆོད་བྱུང་འདུག
ཨ་མི་རི་ཀའི་ནང་རྟེན་གཞི་བྱེད་པའི་དྲ་ལམ་ནས་གནས་ཚུལ་འཚོལ་ཞིབ་ཀྱི་དྲ་རྒྱའི་འཕྲུལ་ལས་བཟོ་ཚོང་ཁང་ཆེ་ཤོས་གྷུ་གྷལ་(Google)་ཁེ་གཉེར་ལས་ཁང་དེས་ད་ཆ་སྔོན་འཆར་གྱི་རྒྱ་ནག་ནང་དྲ་རྒྱ་འཚོལ་ཞིབ་ཀྱི་ལས་འཆར་(Dragonfly)་ཞེས་པ་དེ་མཚམས་འཇོག་བྱེད་རྒྱུའི་ཐག་གཅོད་གནང་དགོས་འགྱུར་བ་དེ་ནི་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་ཟླ་ངོ་བཅུའི་རིང་སྤེལ་བའི་ལས་འགུལ་གྱི་གྲུབ་འབྲས་ཤིག་ལ་ངོས་འཛིན་གནང་ཡོད་འདུག
གྷུ་གྷལ་(Google)་དྲ་ལམ་འཚོལ་ཞིབ་ཁེ་གཉེར་ལས་ཁང་དེས་རྒྱ་ནག་ནང་དྲ་རྒྱ་འཚོལ་ཞིབ་ཀྱི་ལས་འཆར་སྤེལ་འཆར་དེས་ཁེ་གཉེར་ལས་ཁང་དེའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་ཁས་ལེན་དམ་བཅའ་དང་འགལ་ཟླ་ཆགས་ཀྱི་ཡོད་པར་བརྟེན་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན། དེ་བཞིན་ཡུ་གུར་བ། རྒྱ་མི་རིགས། དྲ་རྒྱའི་འཕྲུལ་རིག་ཐོག་མཁས་པ་ཁག་དང་། དངོས་ཟོག་ཁག་བླང་དོར་དང་ལྡན་པའི་ཐོག་སྤྱོད་རྒྱུར་ལས་འགུལ་སྤེལ་མཁན་བཅས་པས་མཉམ་ལས་གནང་བའི་གྲུབ་འབྲས་ཤིག་ཆགས་ཀྱི་ཡོད་པ་རེད། ཁེ་གཉེར་ལས་ཁང་དེའི་མ་རྐང་བདག་པོ་རྣམས་ཀྱི་ཚོགས་ཆེན་དེ་ཕྱི་ཚེས་༡༩་ཉིན་ཨ་མི་རི་ཀའི་གྲོང་ཁྱེར་(San Francisco)་ནང་ཚོགས་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འཕྲིན་གཏོང་འབྲེལ་མཐུད་འགན་འཛིན་བསོད་ནམས་འཚོ་ལགས་ཀྱིས། ཚོགས་འདུའི་ཐོག་བོད་མི་གཙོས་པའི་མི་རིགས་གཞན་ཁག་དང་ཚོགས་སྡེ་ཁག་གིས་གོང་ཞུས་(Dragonfly)་ཞེས་པའི་འཚོལ་ཞིབ་ཀྱི་ལས་འཆར་དེས་བློ་ཚབས་ཧ་ཅང་གི་ཆེན་པོ་བཟོས་ཡོད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་གནང་ཡོད་འདུག
ཡང་དབྱིན་ཡུལ་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་ཀྱི་དྲ་བ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་འབྲེལ་མཐུད་པ་ལྕམ་(Mandi McKeown)ཡིས་ད་ཐེངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་འགུལ་དེ་ལམ་ལྷོང་ལྡན་པ་ཞིག་བྱུང་ཡོད་ནའང་ད་དུང་རྒྱལ་སྤྱིའི་དྲ་རྒྱའི་ཁེ་གཉེར་ལས་ཁང་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་ཁག་སྲ་གཏན་དུ་གཏོང་རྒྱུའི་ཐོག་ལས་འགུལ་མུ་མཐུད་སྤེལ་དགོས་པ་མ་ཟད། རྒྱ་ནག་གི་ཤུགས་རྐྱེན་ལ་མགོ་བོ་སྒུར་མི་དགོས་པའི་སྐོར་གསུངས་འདུག
གལ་སྲིད་གོང་ཞུས་(Google)ཁེ་གཉེར་ལས་ཁང་གི་(Dragonfly)ཞེས་པའི་རྒྱ་ནག་ནང་དྲ་ལམ་འཚོལ་ཞིབ་ཀྱི་ལས་འཆར་དེ་སྤེལ་བ་ཡིན་ན་རྒྱ་ནག་ནང་བོད་རང་དབང་དང་། གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་ངོ་རྒོལ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཚན་སོགས་དྲ་ལམ་ནས་ལྟ་ཀློག་བྱེད་རྒྱུ་མེད་པ་བཟོ་རྒྱུ་ཡིན་པ་རེད།
ཉེ་བའི་ཟླ་ཤས་ནང་དང་ལྷག་པར་འདས་བའི་ཉིན་ཤས་ནང་(Google)མ་རྐང་བདག་པོའི་ལྷན་ཚོགས་དང་བསྟུན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱ་རིགས་ལས་འགུལ་བ། དེ་བཞིན་ཡུ་གུར་བ་བཅས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་པའི་ས་ཁུལ་གང་སར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་བེུད་ལྷན་ཚོགས་བཅས་ཀྱི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་སོགས་ཁྱོན་རྒྱལ་ཁབ་༡༥ནང་གི་(Google)ལས་ཁུངས་བདུན་དུ་ངོ་རྒོལ་བྱས་ཡོད་པ་རེད། 

ཨོ་སུ་ཁྲི་ལེ་ཡར་གྷུ་གྷལ་ལ་ངོ་རྒོལ།
ཨོ་སུ་ཁྲི་ལེ་ཡར་གྷུ་གྷལ་ལ་ངོ་རྒོལ།
མཐུན་འགྱུར་པར་རིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎