ཀླུ་ཆུ་ནས་མགོན་པོ་ཚེ་རིང་གིས་རང་ལུས་མེ་བསྲེགས།

དེ་རིང་ཚེས་༢༦ཉིན་ཨ་མདོ་ཀན་ལྷོ་ཀླུ་ཆུ་ཨ་ལ་ནས་བོད་མི་མགོན་པོ་ཚེ་རིང་གིས་བོད་དོན་སྐད་འབོད་དང་མཉམ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་སྐུ་གྲོངས་འདུག

2012.11.26

ཀླུ་ཆུ་ནས་མགོན་པོ་ཚེ་རིང་གིས་རང་ལུས་མེ་བསྲེགས།

ཨ་ལ་ནས་ཡིན་པའི་ཕྱི་སྡོད་བོད་མི་རྒྱལ་ལོས་གནས་ཚུལ་ཞིབ་ཕྲ་བརྗོད་པ་ལྟར་ན། ཚེས་༢༦ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༦པ་ཡོལ་ཙམ་ལ་བོད་མི་མགོན་པོ་ཚེ་རིང་གིས་ཨ་ལ་དེའུ་མགོ་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་ནས་བོད་ལ་རང་དབང་དགོས་བ་དང་། འགྲོ་བ་མིའི་ཐོབ་ཐང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས་པ་སོགས་ཀྱི་བོད་དོན་སྐད་འབོད་དང་མཉམ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་ས་གནས་རང་ནས་སྐུ་གྲོངས་ཡོད་པ་རེདཀླུ་ཆུ་ནས་མགོན་པོ་ཚེ་རིང་གིས་རང་ལུས་མེ་བསྲེགས།

དེ་མ་ཐག་ས་གནས་བོད་མི་མང་པོས་ཁོང་གི་སྐུ་ཕུང་ཐད་ཀར་དགོན་པར་གདན་འདྲེན་བྱས་རྗེས་ད་ཆ་ཨ་ལ་དང་། སྒྱིས་ཚང་། ཟམ་ཚ་བཅས་ནས་བོད་མི་མང་པོ་འཛོམས་ནས་མཆོད་འབུལ་བསྔོ་སྨོན་གྱིས་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་པ་དང་། ཅང་མ་འགོར་བར་ས་གནས་སུ་ཉེན་རྟོག་པ་དང་། དམག་མི་མང་པོ་འབྱོར་ནས་དམ་དྲག་དང་མཉམ་གནས་ཚུལ་རྩད་ཞིབ་བྱེད་བཞིན་པ་རེད་འདུག

རང་ལུས་མེ་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ནི་ཀན་ལྷོ་ཀླུ་ཆུའི་ཨ་ལ་སྦོག་ཚ་སྡེ་བའི་ལོ་༤༥ཡིན་པའི་ཕ་དབང་རྒྱལ་དང་། ལོ་༤༣ཡིན་པའི་མ་རྣམ་ལོ་གཉིས་གྱི་བུ་ཡིན་པ་དང་། ད་ལོ་ལོ་༢༤ཡིན་པར་ལོ་༢༦་ཡིན་པའི་བཟའ་ཟླ་རྣམ་རྒྱལ་སྒྲོལ་མ་དང་ཁོ་གཉིས་ལ་ལོ༦ཅན་གྱི་ཚེ་རིང་བསམ་གྲུབ་དང་། ལོ༣ཅན་ཚེ་རིང་སྒྲོལ་མ། ལོ༢ཅན་ཚེ་རིང་ལྷ་མོ་བཅས་བྱིས་བ་གསུམ་ཡོད་འདུག ཁོ་བརྩིས་བས་ད་བར་བོད་ནང་གི་བོད་མི་གྲངས་༨༥ཡིས་བོད་དོན་ཆེད་རང་ལུས་མེ་བསྲེགས་བཏང་ཡོད།

ཀླུ་ཆུ་ནས་མགོན་པོ་ཚེ་རིང་གིས་རང་ལུས་མེ་བསྲེགས།

ཀླུ་ཆུ་ནས་མགོན་པོ་ཚེ་རིང་གིས་རང་ལུས་མེ་བསྲེགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎