མང་གཙོའི་ལམ་ལུགས་ཀྱི་སློབ་གསོའི་ལས་འཆར།
2011.06.07
༄༅༎རེས་གཟའ་མིག་དམར་ཉིན་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཙོས། ཨ་རབ་སྐད་ཡིག་ཐོག་གི་མང་གཙོའི་སློབ་གསོའི་ལས་འཆར་གྱི་དྲ་རྒྱ་གསར་པ་འདི་འགོ་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི། བྱང་ཨཕཕ་རི་ཀ་དང་དཀྱིལ་ཤར་ཡུལ་གྲུའི་ནང་གི་མང་གཙོའི་ལས་དོན་སྤེལ་མཁན་ཚོར་ཕན་ཐོགས་ཡོང་་ཆེད་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཇར་མན་གྲོས་ཚོགས་འོག་མའི་ཚོགས་གཙོ་ནོར་སྦཏ་ལེམ་མཏ་གྱིས་ མང་གཙོའི་སློབ་གསོའི་དྲ་རྒྱ་དེའི་ནང་ གཞི་རིམ་མང་གཙོའི་འཕེལ་རིམ་དང༌། གྲོས་ཚོགས་ལམ་ལུགས་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་། དེ་བཞིན་མྱོང་ཐོག་གི་གནས་ཚུལ་སོགས་བཀོད་སྤེལ་བྱས་ཡོད་པ་གསུངས་འདུག།
ཕེརནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རབ་སྐད་ཡིག་ནང་གི་ཇར་མན་གྲོས་ཚོགས་ཀྱི་དྲ་རྒྱ་དེའི་ནང་། ཇར་མན་གྲོས་ཚོགས་ཀྱི་ལམ་ལུགས་དང་ལས་འཆར། གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་དང་ཁོང་ཚོའི་ལས་འགན་གི་སྐོར་ལྷག་པར་དུ་ཁྲིམས་བཟོའི་ལས་དོན་འགྲུབ་ཕྱོགས་སྐོར་སོགས་བཀོད་ཡོད་འདུག།
འདི་ལོའི་དཔྱིད་དུས་སུ་ དཀྱིལ་ཤར་ཡུལ་གྲུ་དང་ ཨཕ་རི་ཀའི་ཡུལ་གྲུ་ཁག་ཅིག་གི་ནང་མང་ཚོགས་སྒེར་ལངས་ཀྱི་མང་གཙོའི་ལས་འགུལ་ཤུགས་ཆེ་བྱུང་བར་ ཇར་མན་གཙོས་པའི་ཡར་ཐོན་ཅན་གྱི་ཡོ་རོབ་ཡུལ་གྲུ་ཚང་མས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པ་རེད།